མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གསར་བརྗེའི་རིག་དངོས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། གསར་བརྗེའི་རིག་དངོས་
སྲུང་སྐྱོབ་དང་། དོ་དམ། བེད་སྤྱོད་བཅས་ཡག་པོ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་སྟོབས་
ཤུགས་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་01ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་གསར་བརྗེའི་རིག་དངོས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། གསར་བརྗེའི་རིག་དངོས་ལས་ཏང་དང་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་པའི་གཟི་བརྗིད་ཆེ་བའི་ལོ་རྒྱུས་མཚོན་པ་དང་། ཀྲུང་གོའི་གསར་བརྗེའི་རླབས་ཆེན་ལོ་རྒྱུས་ཀྱི་ལམ་བུ་དང་མི་སེམས་འགུལ་བའི་བྱས་རྗེས་འཁོད་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་དང་གསར་བརྗེའི་སྲོལ་རྒྱུན་དང་གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱེད་པ། མི་རིགས་སྙིང་སྟོབས་རྒྱས་པར་བྱེད་པའི་གསོན་ཉམས་ལྡན་པའི་བསླབ་གཞི་ཞིག་ཡིན་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས། གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱ་ཤུགས་ཆེ་རུ་གཏོང་བ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ་བཅས་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་ཀ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་། དོ་དམ། བེད་སྤྱོད་བཅས་ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཐད་ཀྱི་གསར་བརྗེའི་རིག་དངོས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་འཕེལ་བར་བྱས་ནས་ཡིད་ཆེས་ལྡབ་བརྒྱས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   རྒྱལ་ཡོངས་གསར་བརྗེའི་རིག་དངོས་ལས་དོན་ཚོགས་འདུ་དེ་ཚེས་30ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་གསར་བརྗེའི་རིག་དངོས་ལས་དོན་གྱི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། གཞི་རྩའི་བླང་བྱ་བཅས་ལ་གསལ་འགྲེལ་གཏིང་ཟབ་གནང་ཡོད་པ་དང་། དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གསར་བརྗེའི་རིག་དངོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་དང་། དེ་ནི་དུས་རབས་གསར་པའི་གསར་བརྗེའི་རིག་དངོས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གསར་བརྗེའི་ལོ་རྒྱུས་ལ་བདེན་དཔང་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་ཀྱི་གསར་བརྗེའི་རིག་དངོས་ལས་དོན་གྱི་ནུས་པ་གལ་ཆེན་ངོས་འཛིན་གང་ལེགས་བྱེད་པ་དང་། དུས་རབས་གསར་པ་དང་བླང་བྱ་གསར་པ་དང་ཟུང་འབྲེལ་བྱས་ཏེ་སྲུང་སྐྱོབ་དང་། དོ་དམ། བེད་སྤྱོད་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་གསར་བརྗེའི་རིག་དངོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
   རྒྱལ་ཁབ་རིག་དངོས་ཅུས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་བཅས་དང་ཅང་ཤིས་དང་། ཧྲའན་ཤིས། ཧུའུ་ནན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
   ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། ཀྲུང་དབྱང་དམག་ཨུད་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཁུལ་གྱི་འཐུས་མི། གསར་བརྗེའི་རིག་དངོས་ཀྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

  
style="display:none;"