མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རོན་ཁྲུན་ཧྥུའུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་
གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་07ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ལི་ཁེ་ཆང་གིས་ཧྥན་མིང་ཀྲེང་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལིར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རོན་ཁྲུན་ཧྥུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཁོང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་གནང་བ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ཝེ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རེད། ན་ནིང་ཚུན་ཕྱོགས་གཉིས་པོས་ཕན་ཚུན་ལྟ་སྐྱོང་གིས་མཉམ་དུ་འབད་བརྩོན་བྱས་པས། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། ཀྲུང་ཝེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ཡོད་ཅེས་འཁོད་ཡོད།
   ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་པ་དང་ཀྲུང་ཝེའི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ངས་ཀྲུང་ཝེའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁྱེད་ཚོ་དང་མཉམ་དུ་འབད་བརྩོན་གྱིས་ཕྱོགས་གཉིས་ཀར་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་གལ་ཆེན་མུ་མཐུད་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥན་མིང་ཀྲེང་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལིར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྟེན་འབྲེལ་ཞུས་པ་དང་། ཙུང་ལི་ཧྥན་མིང་ཀྲེང་དང་མཉམ་དུ་འབད་བརྩོན་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཀྱི་རྣམ་པ་གང་མགྱོགས་བཏོད་ནས་ཀྲུང་ཝེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་བཟང་པོ་དང་ཕྱོགས་ཡོངས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"