མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་4ཚེས7ཉིན་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས། ན་ནིང་ང་ཚོའི་བར་འབྲེལ་གཏུག་ཐེངས་མང་བྱས་ནས། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་དོན་སྙིང་ལྡན་པའི་དོན་ཆེན་བསྒྲུབ་ཐུབ། འཇར་མན་ཕྱོགས་དང་ཡོ་རོབ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས། འགྱུར་ལྡོག་མང་བའི་འཛམ་གླིང་འདིར་གཏན་འཁེལ་རང་བཞིན་དང་བརྟན་བརླིང་རང་བཞིན་དེ་བས་མང་བ་བསྣན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དང་རྒྱུ་རྐྱེན་གཞན་དག་གི་འགོག་རྐྱེན་ཁྱད་དུ་བསད་དེ་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་དང་། ཀྲུང་གོ་འདི་ཉིད་ལོ་5བསྟུད་མར་འཇར་མན་གྱི་གོ་ལ་ཧྲིལ་པོའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཏེ་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས། ཀྲུང་གོ་དང་འཇར་མན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། དེས་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཡོང་རྒྱུར་ཡིད་ཆེས་དང་སྒུལ་ཤུགས་བསྣན་རྒྱུར་ཡང་ཕན་ཐོགས་ཡོད། ཀྲུང་གོས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཧུར་ཐག་གཏོད་བཞིན་ཡོད་པ་དང་། རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་་རྒྱས་གཏོང་བ་དང་དུས་མཚུངས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་ལས་བགོས་མཉམ་ལས་ནང་ལའང་ཧུར་ཐག་ངང་ཞུགས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཀྲུང་གོའི་རེས་སྐོར་གསར་པའི་སྒོ་དབྱེ་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། འཇར་མན་ཕྱོགས་ཀྱིས་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་སྟབས་བདེ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་སང་ལོར་ཀྲུང་གོ་དང་འཇར་མན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་དང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་གོ་སྐབས་སུ་བྱས་ཏེ། ཚན་རྩལ་དང་། སློབ་གསོ། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད་ལ་འགྲན་སློང་སྣ་ཚོགས་ཀྱང་འཕྲད་ཡོད། འགག་རྩ་ནི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་དགོངས་གཞི་གཙོ་བོ་སྟངས་འཛིན་ནན་པོ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་འགོག་རྐྱེན་སེལ་རྒྱུ་དེར་ཐུག་ཡོད། ཀྲུང་གོ་འཕེལ་རྒྱས་འགྲོ་བ་ནི་ཡོ་རོབ་མནའ་འབྲེལ་ངོས་ནས་བཤད་ན་གོ་སྐབས་ཤིག་ཡིན་པས། ཡོ་རོབ་མནའ་འབྲེལ་གྱིས་རང་ཚུགས་ངང་བརྡར་ཤ་ཡང་དག་བཅད་དེ་འཐབ་ཇུས་ཀྱི་རང་བདག་དངོས་སུ་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དུས་མཚམས་རྗེས་མའི་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་རབ་དང་རིམ་པར་གྲོས་མོལ་ཡག་པོ་བྱ་རྒྱུ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གནད་དོན་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། རིམས་འགོག་སྨན་ཁབ་ནི་རིམས་ནད་འགོག་པ་དང་མི་སྲོག་སྐྱོབ་ཆེད་ཡིན་པས། ཀྲུང་གོས་རིམས་འགོག་སྨན་ཁབ་ཆབ་སྲིད་ཅན་ནམ་ཡང་ན“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”བཟོ་བར་ངོ་རྒོལ་བྱ་རྒྱུ་ཡིན། འཇར་མན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་གཞུང་དྲང་ལུགས་མཐུན་ངང་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་བཏང་ཐོག རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་རག་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། མིའི་རིགས་མཉམ་དུ་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"