མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེ་དང་འཇར་མན་གྱི་འགོ་ཁྲིད་པ་དང་བརྙན་ལམ་དབུ་ཚོགས་འཚོགས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་18ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཀྲུང་གོ་དང་། ཧྥ་རན་སེ། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་འཚོགས་གནང་བ།

ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཀྲུང་གོ་དང་། ཧྥ་རན་སེ། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་འཚོགས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཀྲུང་གོ་དང་། ཧྥ་རན་སེ། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་འཚོགས་ཤིང་། རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་པས་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ། རིམས་འགོག་མཉམ་ལས། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་བཅས་ཀྱི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
    ཞི་ཅིན་ཕིང་གིས། ངས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ཧྥ་རན་སེ་དང་འཇར་མན་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ངས་ཀྲུང་གོས་2030ལོའི་གོང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཟིན་གང་ཐུབ་བྱ་རྒྱུ་དང་2060ལོའི་གོང་ཐཱན་ཚད་སྙོམས་སྦྱོར་གང་ཐུབ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་ཡིན། དེའི་ཐོག་ནས་འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་ཐཱན་འབུད་ཚད་མཐོ་ཤོས་ཤུགས་ཆེན་ཆག་རྒྱུ་ལེགས་སྒྲུབ་བྱ་རྒྱུ་དང་གོ་ལ་ཧྲིལ་པོའི་ལོ་རྒྱུས་ཐོག་དུས་ཚོད་ཐུང་ཤོས་ནང་ཐཱན་ཚད་མཐོ་ཤོས་ནས་ཐཱན་ཚད་སྙོམས་སྦྱོར་དུ་འགྱུར་བ་བྱ་རྒྱུ་ཡིན་པ་མཚོན་ཡོད། འདི་ནི་དམག་འཐབ་དྲག་པོ་ཞིག་ཡིན་པ་གདོན་མི་ཟའོ། ཀྲུང་གོས་གང་བཤད་པ་དེ་བྱེད་པ་དང་གང་བྱས་པར་གྲུབ་འབྲས་ཐོབ་པ་བྱེད་ཀྱི་ཡོད། ང་ཚོས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་དེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་བཀོད་པའི་ནང་དུ་བཅུག་སྟེ། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས《〈མོང་ཐེ་ལིར་ཆོད་ཡིག〉གི་ཅི་ཅ་ལིའི་བཟོ་བཅོས་འཆར་ཟིན》དང་ལེན་བྱ་རྒྱུའི་ཐག་བཅད་ཡོད། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང་དེ་བཞིན《ཕ་རི་སིའི་ཆོད་དོན》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གནམ་གཤིས་འགྱུར་ལྡོག་ཐད་ལྷོ་ལྷོ་མཉམ་ལས་ཧུར་ཐག་བྱ་རྒྱུ་ཡིན། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་བཙོག་འབུད་ཉུང་གཏོང་གི་བྱ་སྤྱོད་སྤེལ་ཤུགས་ཐད་མིག་དཔེ་འདོན་པ་དང་འབྲེལ། སྣེ་ཁྲིད་དེ་གནམ་གཤིས་མ་དངུལ་མ་འཇོག་བྱ་རྒྱུའི་ཁས་ལེན་དོན་འཁྱོལ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར། ལག་རྩལ་དང་ནུས་པ་འདང་ངེས་མཁོ་འདོན་བྱ་རྒྱུའི་ཐད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་དེ་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད་ལ་འགྲན་སློང་སྣ་ཚོགས་ཀྱང་འཕྲད་ཡོད། འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་རྩ་བའི་དགོངས་གཞི་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་ནས་ཧྥ་རན་སེ་དང་འཇར་མན་གྱི་ཁེ་ལས་ཚུད་པའི་ཕྱི་རྒྱལ་གྱི་ཚོང་པའི་ཁེ་ལས་ཀྱི་མ་འཇོག་ལ་འདྲ་མཉམ་དང་། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་དང་ཡོ་རོབ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་ལ་དེ་ལྟ་བུའི་ལྟ་སྟངས་ཡག་པོ་བཟུང་ནས་ཀྲུང་གོ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་ལྗང་མདོག་དང་གྲངས་འཛིན་གྱི་རོགས་ཟླའི་འབྲེལ་བ་སྟོབས་ཆེར་གཏོང་རྒྱུ་དང་རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”ལ་ངོ་རྒོལ་དང་མིས་རྐང་བཙུགས་ནས་རིམས་འགོག་གི་འགལ་རྐྱེན་བཟོ་བར་ངོ་རྒོལ་བྱེད་ཀྱི་ཡོད། ཧྥ་རན་སེ་དང་འཇར་མན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་རག་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་ལས་བྱས་ནས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྩིས་ཡོད་པའི་ལུས་རྩལ་པར་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
    མཱ་ཁེ་ལུང་གིས། ཧྥ་རན་སེས་ཀྲུང་གོ་ཕྱོགས་ཀྱིས་2060ལོའི་གོང་ཐཱན་ཚད་སྙོམས་སྦྱོར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། ཁས་ལེན་གལ་ཆེན་དེའི་ཐོག་ནས་ཀྲུང་གོས་རང་འགུལ་ངང་འགན་འཁྲི་གལ་ཆེན་འཁུར་བ་མཚོན་གྱི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཧྥ་ཀྲུང་དང་ཡོ་ཀྲུང་དབར་གྱི་དཔལ་འབྱོར་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁའི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་རོགས་རམ་བྱེད་པ་དང་འབྲེལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན་རྩ་ཆག་དང་ནར་འགྱངས་གཏོང་རྒྱུར་རོགས་རམ་བྱེད་པའི་ཐད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཀྱང་ཡོད། རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱི་ལག་ཆར་འགྱུར་མི་རུང་བར། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་བགོ་བཤའ་དྲང་གཞག་རྒྱག་རྒྱུའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དབྱི་རན་གྱི་ཉིང་རྡུལ་སོགས་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
   མོ་ཁེར་གྱིས་འཇར་མན་དང་། ཧྥ་རན་སེ། ཀྲུང་གོ་བཅས་རྒྱལ་ཁབ་གསུམ་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། ཀྲུང་གོས་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་བའི་དམིགས་ཚད་ཁྱབ་བསྒྲགས་བྱས་པ་དེ་བློ་སྟོབས་ལྡན་པ་ཞིག་རེད་ལ་འགྲན་སློང་ཞིག་ཀྱང་རེད། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྲིད་ཇུས་ཐད་ཀྱི་འབྲེལ་གཏུག་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོའི་དཔལ་འབྱོར་སྔོན་ལ་སླར་གསོ་བྱུང་བ་དེ་འཛམ་གླིང་ལ་ཆ་མཚོན་ན་གཏམ་བཟང་ཞིག་རེད། འཇར་མན་ཕྱོགས་ཀྱིས། ཀྲུང་གོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བ་ལས་འཇར་མན་དང་ཀྲུང་གོའི་དབར་གྱི་མཉམ་ལས་དང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་གོ་སྐབས་གལ་ཆེན་བསྐྲུན་པར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གྲངས་འཛིན་དཔལ་འབྱོར་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་གནད་དོན་ཐད་འབྲེལ་གཏུག་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་པ་ལས་ཚོང་དོན་གྱི་བཀག་རྒྱ་མི་ཐོན་པ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ《ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་མཐུན》ལ་གང་མགྱོགས་ཆོག་མཆན་ཐོབ་ནས་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས《ཕ་རི་སིའི་གྲོས་མཐུན》ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐུན་མོང་ཐོག་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་བསྐྲུན་ནས་འགོ་ཁྲིད་པའི་གནམ་གཤིས་དབུ་ཚོགས་ལ་དགེ་མཚན་ལྡན་པ་དང་། དོ་སྙོམས་པ། དངོས་སྒྲུབ་བཅས་ཀྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གནམ་གཤིས་སྲིད་ཇུས་ཀྱི་གླེང་མོལ་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ཀྱི་ཀ་རྟེན་གལ་ཆེན་ཞིག་ལ་བསྐྲུན་དགོས་པ། ཁུན་མིང་གི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་། ཀེ་ལ་སི་ཀོའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ། མཱ་སའེ་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པ་སོགས་ཕྱོགས་མང་གི་གྲོས་རིམ་གལ་ཆེན་ཁག་ཡག་པོ་གཉེར་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་པ། “ཏོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིར”རྒྱབ་སྐྱོར་བྱས་ཏེ། མི་སྣ་བདེ་ཐང་དང་བདེ་འཇགས་ངང་གོ་རིམ་ལྡན་པའི་འགྲོ་འོང་བྱ་རྒྱུར་སྐུལ་འདེད་དང་། ཐོན་ལས་འབྲེལ་ཐག་བདེ་འཇགས་དང་བརྟན་པོར་སྲུང་སྐྱོང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔ་ཙམ་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཅས་གཏོང་དགོས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུའི་མཁོ་སྤྲོད་ནུས་ཆེ་དང་། དྭངས་གཙང་། སྣེ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཀྲུང་གོ་དང་། ཧྥ་རན་སེ། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་འཚོགས་གནང་བ།
ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཀྲུང་གོ་དང་། ཧྥ་རན་སེ། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་འཚོགས་གནང་བ།

  
style="display:none;"