མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་
ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་22ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་4ཚེས་20ཉིན་གྱི་སྔ་དྲོར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་གྱི་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས《ཕྱར་བ་གྲུ་འདེགས་དུས་ངལ་སེལ། ལས་དབང་མཉམ་སྦྲེལ་འབྱུང་འགྱུར་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

ཟླ་4ཚེས་20ཉིན་གྱི་སྔ་དྲོར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་གྱི་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས《ཕྱར་བ་གྲུ་འདེགས་དུས་ངལ་སེལ། ལས་དབང་མཉམ་སྦྲེལ་འབྱུང་འགྱུར་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

   ཨེ་ཤེ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་འབོད་སྒྲར་བརྡ་ལན་ཞུ་བ་དང་། ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་དགོས་པའི་གྲོས་འགོ་བཏོན་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་གྱི་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས《ཕྱར་བ་གྲུ་འདེགས་དུས་ངལ་སེལ། ལས་དབང་མཉམ་སྦྲེལ་འབྱུང་འགྱུར་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུཌ་ནས་ལོ་ངོ་20སོང་རིང་། ཀྲུང་གོ་དང་། ཨེ་ཤེ་ཡ། འཛམ་གླིང་བཅས་ཀྱིས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པར་དཔང་པོ་བྱས་པ་དང་། ཨེ་ཤེ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤུཌ་རྐྱེན་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔར་ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འདྲེས་ནས་འཛམ་གླིང་འདི་ཉིད་ཡོ་ལང་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས་ཡོད། ང་ཚོའི་ད་ཆའི་དུས་རབས་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་ཡིན་ལ། རེ་བས་ཁེངས་པའི་དུས་རབས་ཤིག་ཀྱང་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་གང་དུ་སྐྱོད་དགོས་སམ། ང་ཚོས་བུ་རབས་ཚ་རྒྱུད་ལ་འབྱུང་འགྱུར་གང་འདྲ་ཞིག་སྐྲུན་དགོས་སམ། བརྗོད་གཞི་གལ་ཆེན་དེར་ང་ཚོས་མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་ནས་འགོ་བཙུགས་ཏེ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གདམ་ག་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་འབོད་སྒྲར་བརྡ་ལན་ཞུས་ཏེ་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་དགོས་པའི་གྲོས་འགོ་བཏོན་ཡོད།
   —— ང་ཚོས་འདྲ་མཉམ་ངང་གྲོས་མོལ་གྱིས་གཉིས་ཕན་མཉམ་སྤྱོད་ཀྱི་འབྱུང་འགྱུར་གཏོད་དགོས། དོན་ངོ་མའི་ཐོག་གི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཐོག་གི་བྱ་བ་མཐའ་དག་ཚང་མས་མཉམ་དུ་གྲོས་བསྡུར་བྱས་ནས་སྒྲུབ་དགོས་པ་དང་། འཛམ་གླིང་གི་མདུན་ལམ་དང་ལས་དབང་རྒྱལ་ཁབ་ཁག་གིས་མཉམ་དུ་སྟངས་འཛིན་བྱེད་དགོས། འཛམ་གླིང་ལ་དྲང་བདེན་དགོས་པ་ལས་བཙན་དབང་མི་དགོས། རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་ལྡན་པ་བྱས་ནས་འགན་འཁྲི་འཁུར་སེམས་སྔར་བས་མང་བ་མཚོན་པར་བྱེད་དགོས།
   —— ང་ཚོས་སྒོ་དབྱེ་གསར་གཏོད་ཀྱིས་འཕེལ་རྒྱས་དང་གྲ་རྒྱས་ཀྱི་འབྱུང་འགྱུར་གཏོད་དགོས། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་བ། མཁོ་སྤྲོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། གྲངས་གཞིའི་འཁོར་འབྲེལ། ཤེས་ལྡན་མི་སྣའི་འཁོར་འབྲེལ་བཅས་སྲ་བརྟན་དུ་བཏང་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་དགོས། རྐང་བཙུགས་ནས་འགོག་རྐྱེན་བཟོ་བ་དང་འབྲེལ་ཐག་གཅོད་པ་ནི་དཔལ་འབྱོར་གྱི་ཆོས་ཉིད་དང་ཚོང་རའི་སྒྲིག་སྲོལ་ལས་འགལ་བ་ཞིག་ཡིན་པས་རང་གཞན་གཉིས་ཀར་གནོད་པ་ཡོད།
   —— ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་སྐྱོན་བྲལ་དང་བདེ་འཇགས་ཀྱི་འབྱུང་འགྱུར་གཏོད་དགོས། ཆ་འཕྲིན་མཉམ་སྤྱོད་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས་པ་མ་ཟད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཀྱང་གཏོང་དགོས།
   —— ང་ཚོས་དྲང་བདེན་བརྟན་སྲུང་གིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་དཔེ་ལྟ་བའི་འབྱུང་འགྱུར་གཏོད་དགོས། འཇམ་འཐབ་ཀྱི་བསམ་བློ་དང་རྒྱལ་ཕམ་འཐབ་འགྲན་གྱི་འདུ་ཤེས་དོར་ནས་རྣམ་པ་གང་རུང་གི“འཇམ་འཐབ་གསར་པ”དང་འདུ་ཤེས་འཛིན་སྟངས་ཀྱི་འགྲན་རྒོལ་ལ་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་དང་རྒྱལ་ཁབ་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་གཙོ་བོར་འཛིན་དགོས། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་མྱོང་ལེན་དར་སྤེལ་གཏོང་དགོས།
   ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཚོད་འཛིན་ཐུབ་རྗེས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་སྐབས་གཉིས་པ་འཚོགས་ནས། ཨེ་ཤེ་ཡ་དང་འཛམ་གླིང་གི་ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”ནི་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་ཞིག་ཡིན་པ་ལས། ཕྱོགས་གཅིག་རང་གི་སྒེར་གྱི་ལམ་ཆུང་ཞིག་མིན་ཞིང་། དེས་དོན་གཉེར་བྱེད་པ་ནི་འཕེལ་རྒྱས་དང་། གོང་བཀུར་བྱེད་པ་ནི་གཉིས་ཁེ། བརྒྱུད་སྤྲོད་བྱེད་པ་ནི་རེ་བ་ཡིན། ང་ཚོས་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལག་ལེན་བསྟར་བ། སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་དར་སྤེལ་བཅས་བྱས་ཏེ་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་རྒྱུ་ཡིན། ང་ཚོས་དེ་བས་ཟབ་པའི་འཕྲོད་བསྟེན་མཉམ་ལས་རོགས་ཟླའི་འབྲེལ་བ་དང་། དེ་བས་ཟབ་པའི་མཉམ་འབྲེལ་མཉམ་མཐུད་རོགས་ཟླའི་འབྲེལ་བ། དེ་བས་ཟབ་པའི་ལྗང་མདོག་འཕེལ་རྒྱས་རོགས་ཟླའི་འབྲེལ་བ། དེ་བས་ཟབ་པའི་སྒོ་དབྱེ་བསྟུན་མཁས་རོགས་ཟླའི་འབྲེལ་བ་བཅས་བཙུགས་ཏེ་མིའི་རིགས་ཐུན་མོང་དར་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པ། འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་ཡོང་བ་བཅས་བྱས་ཡོད། ཀྲུང་གོས་མུ་མཐུད་འཛམ་གླིང་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་ཀྱང་ཀྲུང་གོས་ནམ་ཡང་བཙན་དབང་མི་བྱེད་པ་དང་། རྒྱ་སྐྱེད་མི་གཏོང་བ། སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཆེ་རུ་མི་གཏོང་བ། དམག་ཤུགས་མི་འགྲན་པ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཚོང་དོན་དང་མ་འཇོག་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལ་ཧུར་ཐག་ཞུགས་ནས་ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུར་ཡང་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་ཁག་གིས་ཀྲུང་གོའི་ཁྲོམ་རའི་གོ་སྐབས་ཆེན་པོ་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
   མཇུག་ཏུ་ཞི་ཅིན་ཕིང་གིས། ཕྱར་བ་གྲུ་འདེགས་ཀྱིས་རླུང་བརྟེན་རླབས་གཤགས་བྱེད། ལེ་དབར་ཁྲི་ཡི་རྦ་རླབས་གཤགས་ནས་མདུན་དུ་སྐྱོད། སྐབས་རེ་རྦ་རླབས་འཇིགས་སུ་རུང་བ་དང་རྦ་རླབས་གྱེན་འཕྱུར་གྱི་ཉེན་ཁ་འཕྲད་སྲིད་མོད། འོན་ཀྱང་ང་ཚོས་སེམས་ནུས་གཅིག་སྒྲིལ་དང་ཁ་ཕྱོགས་སྟངས་འཛིན་བྱས་ཚེ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུ་གཟིངས་ཆེན་པོ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་ངེས་ཡིན་ཞེས་གསུངས་པ་རེད། 

ཟླ་4ཚེས་20ཉིན་གྱི་སྔ་དྲོར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་གྱི་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས《ཕྱར་བ་གྲུ་འདེགས་དུས་ངལ་སེལ། ལས་དབང་མཉམ་སྦྲེལ་འབྱུང་འགྱུར་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།
ཟླ་4ཚེས་20ཉིན་གྱི་སྔ་དྲོར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་གྱི་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས《ཕྱར་བ་གྲུ་འདེགས་དུས་ངལ་སེལ། ལས་དབང་མཉམ་སྦྲེལ་འབྱུང་འགྱུར་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

  
style="display:none;"