མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་2021ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་
གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་12ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོ་རུ་ ཧུར་ཐག་བཏང་ནས་ཀྲུང་གོའི་སྤུས་རྟགས་དེ་བས་མང་བ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ ཐོག་ཡིད་ཆེས་བྱེད་ཆོག་པའི་གདམ་གར་འགྱུར་བ་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་10ཉིན། 2021ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་ཧྲང་ཧའེ་རུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
    མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་རྒྱལ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུ་ནི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། དགོས་མཁོ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། སྤུས་ཚད་ཨང་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཡོངས་སུ་སྤུས་རྟགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་ཆེད་ལས་ཀྱི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་བརྟན་སྲུང་བྱེད་རྒྱུར་ཁྲིད་སྟོན་བྱེད་པ། སྒོ་དབྱེའི་ཁྲོམ་རའི་ཁྲོད་དྲང་སྙོམས་འགྲན་རྩོད་བྱེད་ཕོད་པའི་བློ་སྟོབས་དང་འཇོན་ཐང་ཆེ་རུ་གཏོང་བ། ཁྲོམ་ར་དང་ལྷག་པར་དུ་འཛད་སྤྱོད་པའི་དགོས་མཁོར་དམིགས་པ། གསར་གཏོད་ལ་གཞི་ཚུགས་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་དྲང་སྙོམས་འགྲན་རྩོད་ནང་ཧུར་ཐག་ཞུགས་རིང་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོ་རུ་ཧུར་ཐག་བཏང་ནས་ཀྲུང་གོའི་སྤུས་རྟགས་དེ་བས་མང་བ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཐོག་ཡིད་ཆེས་བྱེད་ཆོག་པའི་གདམ་གར་འགྱུར་བ་བྱེད་དགོས།

  
style="display:none;"