མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ལུགས་སྨན་རྫས་སྔར་བས་འཕེལ་རྒྱས་གཏོང་དགོས་གསུངས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཀྲུང་ལུགས་སྨན་རྫས་སྔར་བས་འཕེལ་རྒྱས་གཏོང་དགོས་གསུངས།

    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་གྱི་ཕྱི་དྲོར། ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་དབྱི་ཧྲེན་ཚི་དང་ནན་དབྱང་ཡའོ་དབྱི་པའོ་ཨའེ་ཚའོ་གྲུབ་རྫས་ཚད་ཡོད་ཀུང་སིར་ཕེབས་ནས། ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་དང་ཨའེ་ཚའོ་གྲུབ་རྫས་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། ཞི་ཅིན་ཕིང་གིས། འདས་ཟིན་གྱི་ལོ་ཟླར། ལོ་ངོ་སྟོང་ཕྲག་རིང་། ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་ལུགས་སྨན་རྫས་ལ་བརྟེན་ནས་ནད་གཞི་བཅོས་ཤིང་མི་སྐྱོབ་ཀྱི་ཡོད་པ་རེད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་དང་རྒྱུན་ལྡན་མིན་པའི་གློ་བའི་ཚ་ནད་སོགས་རིམས་ནད་ཆེན་པོ་བྱུང་རྗེས། ང་ཚོས་ཀྲུང་ལུགས་སྨན་རྫས་ཀྱི་ནུས་པ་ལ་སྔར་བས་ཤེས་རྟོགས་བྱུང་བ་རེད། ང་ཚོས་ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་གཏོང་དགོས་ཤིང་། དེང་རབས་ཚན་རིག་གི་གསལ་བཤད་ནང་ཀྲུང་ལུགས་སྨན་རྫས་རིག་པའི་གཞུང་ལུགས་བེད་སྤྱོད་ནས། ཀྲུང་ལུགས་དང་ནུབ་ལུགས་སྨན་རྫས་ཟུང་འབྲེལ་བྱེད་པའི་ལམ་དུ་བསྐྱོད་དགོས་གསུངས།

【1】  【2】

༄༅།།ཞི་ཅིན་ཕིང་གིས་ཀྲུང་ལུགས་སྨན་རྫས་སྔར་བས་འཕེལ་རྒྱས་གཏོང་དགོས་གསུངས།

  
style="display:none;"