མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་རྒྱལ་ཡོངས་སྲིད་གྲོས་ཀྱི“ཨུ་ཡོན་སློབ་ཁང”གི་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་17ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་པེ་ཅིང་དུ“ཨུ་ཡོན་སློབ་ཁང”གི་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས“ཨུ་ཡོན་སློབ་ཁང”ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་ཐབས་གསར་གཏོད་དང་འགན་ནུས་སྒྲུབ་པའི་ལག་ལེན་ཞིག་རེད། དེར་བརྟེན་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གི་གཉེར་ཕྱོགས་བཅས་ལ་སྟངས་འཛིན་བྱེད་པ། སྲིད་གྲོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་བྱས་ནས། “ཨུ་ཡོན་སློབ་ཁང”དེ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཀྱི་གཡུལ་ས་གལ་ཆེན་དང་སྲིད་གྲོས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་པའི་བཀྲག་མདངས་འཚེར་བའི་སྤུས་རྟགས་སུ་འགྱུར་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝུའུ་ཏེ་ཀང་གིས་འགོ་བརྗོད་དུ“ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བློ་ལ་བརྟན་པོར་ངེས། གུང་ཁྲན་ཏང་མིའི་སྙིང་སྟོབས་དང་ཁྲག་རྒྱུན་རྗེས་མཐུད་བྱེད”ཅེས་འཁོད་པའི་སྙན་སྒྲོན་གནང་བ་དང་འབྲེལ། གསན་པ་པོ་དང་ཕན་ཚུན་སྤེལ་རེས་ཀྱང་གནང་བ་རེད། སྙན་སྒྲོན་ནན་ཏན་ངང་གསན་རྗེས། དབང་དབྱང་གིས“ཨུ་ཡོན་སློབ་ཁང”བཙུགས་ནས་ལོ་2ལྷག་ཙམ་སོང་རིང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། སྤུས་རྟགས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཐོན་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་བ། མི་དམངས་སྲིད་གྲོས་ཀྱི་ཕྱོགས་གཉིས་ཀར་ནུས་ཤུགས་འདོན་པའི་གཞི་རྟེན་ཕུན་སུམ་ཚོགས་སུ་སོང་ཡོད། ད་ཐེངས་ཀྱི“ཨུ་ཡོན་སློབ་ཁང”གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྗོད་དོན་གཙོ་བོར་བྱས་ཏེ། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག ཨུ་ཡོན་ཚོའི་རང་ངོས་སློབ་སྦྱོང་དང་རང་ངོས་སློབ་གསོ་གཏོང་བའི་ཆུ་ཚད་མཐོ་རུ་བཏང་ཡོད། དེའི་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྱད་ཆོས་མངོན་ཐུབ་ཅེས་གསུངས་པ་རེད།
   དབང་དབྱང་གིས“ཨུ་ཡོན་སློབ་ཁང”གིས་སྲིད་གྲོས་ཀྱི་ལྟ་ཕྱོགས་འབུར་དུ་ཐོན་པ་དང་རིགས་ཁོངས་ཁག་གི་མང་ཚོགས་ཀྱིས་གོ་ཐུབ་པ་དང་སེམས་སུ་ཟུག་པའི་སྐད་ཆ་སྤྱོད་མཁས་པོ་བྱེད་དགོས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིགས་ཁོངས་ཁག་གི་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་བསྒྲུབས་ཏེ། དྲ་ཐོག་དྲ་ཕྱིའི་སེམས་པ་གཅིག་འགྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྒྲོག་འགྲེལ་གྱི་ཐོན་ཁུངས་སྔོག་འདོན་བྱས་ཏེ“ཨུ་ཡོན་སློབ་ཁང”དེ་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་དང་ཕན་ཚུན་མཉམ་འདྲེས་དང་། ཆེད་དོན་སྒྲོག་འགྲེལ་གལ་ཆེན་དང་སྦྲེལ་མཐུད། ཏང་ཕྱིའི་འཐུས་མི་དང་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གོམ་པ་རིམ་བཞིན་སྤོ་རྒྱུ་མཐའ་འཁྱོངས་ཀྱིས་འཚོལ་ཞིབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་མཐོར་གཏོང་བྱས་ནས། སྲིད་གྲོས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་སྟེ་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"