མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་17ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་རྒྱལ་སྲིད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་པར་སྐྲུན་བྱས་པའི་དུས་ཐེངས་10པའི《བདེན་འཚོལ》དུས་དེབ་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་རྒྱལ་སྲིད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་པ་སྤེལ་ཡོད་པ་རེད།
   གསུང་རྩོམ་ནང་། གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། ཏང་གི་ལོ་རྒྱུས་ཁང་། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་ནི་ཏང་དང་རྒྱལ་ཁབ་ཀྱི་གསར་བརྗེའི་ས་བོན་མཛོད་ཅིག་ཡིན། གསར་བརྗེའི་ཐོན་ཁུངས་འདི་ཉིད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་གསོན་ཉམས་དོད་པའི་སློབ་གཞིར་བརྩིས་ནས་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། གནས་གཞི་ཁུལ་གྱི་གཏམ་རྒྱུད། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བརྗོད་པ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ནས་གསར་བརྗེའི་རྒྱལ་སྲིད་ལ་ནམ་ཡང་འགྱུར་ལྡོག་མི་འགྲོ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
   གསུང་རྩོམ་ནང་། ང་རང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་བརྟག་ཞིབ་བྱེད་པར་སྐྱོད་རིམ་བཞིན་གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་ལ་ལྟ་བར་སྐྱོད་དོན་ནི། ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་གསར་བརྗེའི་སྲིད་དབང་ཇི་ལྟར་བྱུང་བ་དང་། ཀྲུང་གོ་གསར་པ་ཇི་ལྟར་བྱུང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་བྱུང་བ་བཅས་མི་བརྗེད་པ་བྱེད་པའི་སློབ་གསོ་རྒྱག་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་དར་ཆ་དམར་པོ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་རྩ་བརྟན་པོས་བསྐྱོད་དེ་སྔོན་བྱོན་པ་རྣམས་ཀྱིས་གསར་གཏོད་གནང་བའི་བྱ་གཞག་ཟམ་མི་ཆད་པར་གོང་དུ་སྤེལ་རྒྱུ་གསལ་བསྒྲགས་བྱ་ཆེད་ཡིན་ཞེས་བསྟན་གནང་ཡོད།
   གསུང་རྩོམ་ནང་། ས་ཆ་སྦར་མཐིལ་ཙམ་ཡང་ཁྲག་དང་རྔུལ་ཆུ་འདོན་ནས་འབྱུང་བ་ཡིན། ཀྲུང་གོ་གསར་པ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པ་ཞིག་རེད། གསར་བརྗེའི་སྲིད་དབང་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་། ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན་པ་བཅས་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུ་བ་དང་། ང་ཚོས་ནམ་ཡང་ཁོང་ཚོར་རྗེས་དྲན་ཞུ་བ་དང་ཁོང་ཚོ་སེམས་ལ་བརྟན་པོར་བཅངས་ནས་ཁོང་རྣམ་པའི་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱེད་དགོས། བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་རྫོགས་མཐའ་གཏན་ནས་མེད་པ་ཞིག་ཡིན་ལ། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་བ་གཏོང་མི་རུང་། ཐོག་མའི་བསམ་འདུན་མ་བརྗེད་པར་བྱས་ཚེ་ལོ་རྒྱུས་དང་སྔོན་བྱོན་པ་རྣམས་ལ་སེམས་གསོ་གཏོང་ཐུབ་པ་དང་། དམངས་སེམས་ཐོབ་ལ་དུས་རབས་ཀྱི་རྒྱལ་ཁའང་ཐོབ་པ། ལས་བརྩོན་ལས་སྒྲུབ་དང་ཞུམ་མེད་ངང་མདུན་སྐྱོད་ཀྱང་བྱེད་ཐུབ་ཅེས་བསྟན་གནང་ཡོད།
    གསུང་རྩོམ་ནང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་ཐུབ་པར་བྱེད་དགོས་པའི་ནང་གི་གནས་ལུགས་གསལ་རྟོགས་བྱ་རྒྱུ་ནི་དད་སེམས་འཕེལ་བ་དང་། སྤྱོད་བཟང་གོང་བཀུར། ལག་ལེན་ཧུར་ཐག་བཅས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། ཏང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་། དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ། ལོ་རྒྱུས་ཀྱི་ཉམས་མྱོང་། སྲོལ་རྒྱུན་བཟང་པོ་བཅས་ཀྱི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་དང་། མར་ཁེ་སིའི་རིང་ལུགས་ཡང་དག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པ་བཅས་ཀྱི་གནས་ལུགས་ལ་གོ་བ་ཟབ་མོ་ལེན་པ་དང་། དེའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་གསལ་པོ་རྟོགས་པར་བྱེད་དགོས། གསར་བརྗེའི་ཐོན་ཁུངས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་བསྟན་གནང་ཡོད།

  
style="display:none;"