མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་21ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་5ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤོམ་ཆེའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་པའི་བཀོད་སྒྲིག་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞུང་དཔང་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་ཐབས་གཏན་འཁེལ་བྱས་ཏེ་ཁེ་ལས་དང་དམངས་ལ་དེ་བས་ལེགས་པའི་སྒོ་ནས་སྟབས་བདེ་སྐྲུན་པ། 《ཕག་པ་བཤས་གཏོང་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་བཅས་རེད།
    ཚོགས་འདུའི་ཐོག་འདི་ལོ་ནས་བཟུང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་པ་སོགས་རྒྱུ་རྐྱེན་མང་པོ་ལས་སྤོམ་ཆེའི་ཚོང་ཟོག་ཁག་གཅིག་གི་རིན་གོང་རྒྱུན་མཐུད་ངང་འཕར་བ་དང་ཚོང་ཟོག་ཁག་གཅིག་གི་རིན་གོང་བསྟུད་མར་མཐོ་ཤོས་སུ་འཕར་ཡོད། སྤོམ་ཆེའི་ཚོང་ཟོག་གི་རིན་གོང་འཕར་བ་ལས་ཐོན་པའི་ཤུགས་རྐྱེན་ངན་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱེད་པ། གནད་སྨིན་སྙོམས་སྒྲིག་གི་བླང་བྱ་གཞིར་བཟུང་། ཁྲོམ་རའི་འགྱུར་ལྡོག་ལ་དམིགས་པ། གཙོ་གནད་འབུར་དུ་ཐོན་པ་དང་ཕྱོགས་བསྡུས་ཇུས་བསྟར་བྱེད་པ། སྤོམ་ཆེའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་བྱེད་པ། རིན་གོང་ལུགས་དང་མི་མཐུན་པའི་ངང་འཕར་རྒྱུ་གཏན་འགོག་བཅས་བྱས་ནས་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་ཤུགས་རྐྱེན་ཐེབས་རྒྱུ་གཏན་འགོག་ཧུར་ཐག་བྱེད་དགོས་ཞེས་བཏོན་ཡོད།
      སྤོམ་ཆེའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་པའི་བཀོད་སྒྲིག་བྱས་ཏེ་དཔལ་འབྱོར་བརྟན་པོའི་ ངང་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞུང་དཔང་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་ཐབས་གཏན་འཁེལ་བྱས་ཏེ་ཁེ་ལས་དང་དམངས་ལ་དེ་བས་ལེགས་པའི་སྒོ་ནས་སྟབས་བདེ་སྐྲུན་པ། 《ཕག་པ་བཤས་གཏོང་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ།
    ཚོགས་འདུའི་ཐོག་གཞུང་དཔང་ཞབས་ཞུ་ལེགས་སུ་གཏོང་རྒྱུ་ནི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་ཁེ་ལས་དང་དམངས་ལ་དེ་བས་སྟབས་བདེ་བསྐྲུན་པར་ཕན་ཐོགས་ཡོད། གཅིག་ནས་གཞུང་དཔང་གི་དཔང་ཡིག་དཔྱད་གཞི་ཁུ་བསྡུ་བྱས་ཏེ་ལོ་མཇུག་གོང་དཔང་ཡིག་དཔྱད་གཞི་གསལ་ཐོའི་ལམ་ལུགས་དང་ཐེངས་གཅིག་ལ་གོ་བརྡ་སྤྲོད་པའི་ལམ་ལུགས་ཡོངས་ཁྱབ་ངང་ལག་བསྟར་བྱེད་དགོས། མི་སྒེར་གྱི་གོ་ཆོད་ལག་ཁྱེར་དཔང་ཡིག་གམ་ཡང་ན་སྡེ་ཚན་དབར་གྱི་ཆ་འཕྲིན་མཉམ་སྤྱོད་ཞིབ་བཤེར་གྱི་དཔང་ཡིག་དང་དཔྱད་གཞིའི་ཡིག་རིགས་དོ་བདག་ལ་བསྐྱར་དུ་མཁོ་འདོན་བྱེད་དུ་འཇུག་མི་ཆོག ཁེ་ལས་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་སྤྱོད་ཐེངས་ཅུང་མང་བའི་གཞུང་དཔང་དཔང་ཡིག་དོན་གནད་ལ་གོ་སྤྲོད་ཁས་ལེན་ལམ་ལུགས་ལག་བསྟར་བྱ་རྒྱུ་འཚོལ་ཞིབ་བྱེད་པ། གཉིས་ནས་གཞུང་དཔང་གི་དམངས་ཕན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས། གཞུང་དཔང་གི་དོན་གནད་དེ་བས་མང་བ“ཞིང་ཆེན་ཡོངས་སུ་སྒྲུབ་གཉེར་བྱ་རྒྱུར”སྐུལ་འདེད་གཏོང་དགོས། སློབ་རྒྱུས་དང་སློབ་གནས་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་སོགས་སྤྱོད་ཐེངས་མང་བའི་གཞུང་དཔང་ཞབས་ཞུའི་དོན་གནད་ལ་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བ་དང“དྲ་གཅིག་ཀུན་སྒྲུབ”ལག་བསྟར་བྱེད་དགོས། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་གཞུང་དཔང་གི“ཐོགས་མེད་བགྲོད་ལམ”བཏོད་དེ་མ་དངུལ་བསྡུ་སྒྲིལ་དང་མ་དངུལ་འཁོར་རྒྱུག་རྒྱ་ཆེར་གཏོང་བ་སོགས་ཀྱི་དོན་གནད་ལ“གཅིག་གཏད་གཅིག”གི་ཞབས་འདེགས་ཞུ་དགོས། གསུམ་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གཞུང་དཔང་གི་སྒྲིག་འགལ་གྲོན་བསྡུ་དང་། “སྒོ་འཛུལ་དཀའ་བ་དང་། བྱ་བ་སྒྲུབ་དཀའ་བ། རྣམ་འགྱུར་ངན་པ”སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཏེ་གཞུང་དཔང་རྫུན་བཟོ་དང་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་བཏོན་ཡོད།
    ཚོགས་འདུས《ཕག་པ་བཤས་གཏོང་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱས་ནས་ཕག་ཤའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་པ་དང་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

  
style="display:none;"