མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱེད་དོ་དམ་གྱི་ཏང་དངུལ་ཁྲོད་ནས་སྒོར་དུང་ཕྱུར་3.95
བཏོན་ཏེ།   “བདུན་གཅིག”གི་སྔ་ནུབ་ཏུ་སྤེལ་རྒྱུའི་འཚམས་འདྲིའི་བྱེད་སྒོར་སྤྱོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་10ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱེད་དོ་དམ་གྱི་ཏང་དངུལ་ཁྲོད་ནས་སྒོར་དུང་ཕྱུར་3.95བཏོན་ཏེ། “བདུན་གཅིག”གི་སྔ་ནུབ་ཏུ་སྤེལ་རྒྱུའི་འཚམས་འདྲིའི་བྱེད་སྒོར་སྤྱོད་རྒྱུ་ཡིན་པ་རེད། ད་ཐེངས་འཚམས་འདྲི་བྱ་ཡུལ་དུ་ཏང་ནང་ཁུལ་གྱི་བྱས་རྗེས་མཚན་སྙན་དང་གཟེངས་བསྟོད་ཐོབ་པའི་ཏང་ཡོན་དང་། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས། སྔོན་གཤེགས་དཔའ་བོའི་ནང་མི། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ནང་མི་བཅས་ཚུད་ཡོད། འཚམས་འདྲི་བྱེད་རིང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་མིག་སྔར་བཞུགས་ཡོད་པའི་གྲོང་གསེབ་ཀྱི་ཏང་ཡོན་རྒན་གྲས་དང་ལས་བྲལ་དང་རྒན་ཡོལ་ཞུ་བའི་ཐོབ་ཐང་ལོངས་སུ་སྤྱད་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཏང་ཡོན་རྒན་གྲས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དངུལ་སྤྲོད་རྒྱུ་རེད། ཀྲུང་དབྱང་རྩ་འཛུགས་པུས་ས་ཁུལ་ཁག་དང་སྡེ་ཚན་ཁག(ཁོངས་གཏོགས)གིས་རིམ་པ་དེ་གས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་མ་དངུལ་ཆ་ཚང་བ་གང་མགྱོགས་དོན་འཁྱོལ་བྱས་ཏེ། “བདུན་གཅིག”གོང་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་སྤྲོད་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"