མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ་ཡི་ལོ་ལྔ་ཚན་བརྒྱད་པའི་འཆར་འགོད(2021ལོ་
ནས་2025ལོ་བར)》བརྒྱུད་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་17ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་དུས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ་ཡི་ལོ་ལྔ་ཚན་བརྒྱད་པའི་འཆར་འགོད(2021ལོ་ནས་2025ལོ་བར)》བརྒྱུད་སྤེལ་བྱས་པ་མ་ཟད། བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   《འཆར་འགོད》ནང་བསྟན་དོན། དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཡུན་རིང་ལ་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད(2016ལོ་ནས་2020ལོ་བར)ལག་བསྟར་དང་ལེགས་གྲུབ་བདེ་བླག་བྱུང་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་དང“སུས་ཁྲིམས་འཛིན་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”སོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་རྒྱ་ཁྱབ་བྱས་པས། ཁྲིམས་སྐྱོང་རིག་གནས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
    《འཆར་འགོད》ནང་བསྟན་དོན། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བཙུགས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་བླང་བྱར་གྱུར་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་སྟེ་དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བའི་ཆེད་འཆར་འགོད་འདི་བཟོས་པ་ཡིན།
   ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཁྲིད་སྟོན་བྱས་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་སྒོ་ནས་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་ལས་དོན་བདེན་སྲུང་གསར་གཏོད་བྱེད་པ་དང་། སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།
   《འཆར་འགོད》ནང་ཁ་གསལ་བསྟན་དོན། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་པ་བཅས་བྱས་ཏེ། ཁྲིམས་སྐྱོང་འདི་ཉིད་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་གཞི་རྩའི་ཚད་གཞིར་འཛིན་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུ་ལས་དོན་གྱི་ཤུགས་རྒྱག་སར་བྱེད་པ། “སུས་ཁྲིམས་འཛིན་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”སོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས།
   《འཆར་འགོད》ནང་ཁ་གསལ་བསྟན་དོན། 2025ལོར་སླེབས་སྐབས་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་སྟེ་དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་གྱི་མ་ལག་དེ་བས་འཐུས་སྒོ་ཚང་པོ་ཡོང་བ་བྱེད་དགོས། སྤྱི་དམངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་ཚད་དང་། ཁྲིམས་སྐྱོང་དགོངས་པར་ཁས་ལེན་བྱེད་ཚད། ཁྲིམས་སྐྱོང་ལག་ལེན་ནང་ཞུགས་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས། རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོར་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་དོན་དག་སྒྲུབ་སྐབས་ཁྲིམས་ལ་གཞི་འཛིན་པ་དང་། དོན་དག་འཕྲད་སྐབས་ཁྲིམས་ལ་ཁུངས་གཏུགས་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་དགོས། དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་ལམ་ལུགས་ཆ་ཚང་པོ་དང་། ལག་བསྟར་གནད་ལ་སྨིན་པ། གདེང་འཇོག་ཚན་རིག་དང་མཐུན་པ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་ལས་ཀའི་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱེད་དགོས།

  
style="display:none;"