མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འདི་ནི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་རེད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་01ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་དགའ་སྟོན་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་ལོ་བརྒྱ་ཡི་གོང་དུ་ཀྲུང་གོའི་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོའི་གུང་ཁྲན་ཏང་གསར་གཏོད་བྱས་ནས་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་དོན་འཁྱོལ། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་ཆགས་པར་བྱས་པ་དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་བསམ་པའི་འབྱུང་ཁུངས་རེད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་ལོ་བརྒྱའི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་འཕེལ་རྒྱས་བཏང་སྟེ་ཡུན་རིང་འབད་འཐབ་བྱེད་རིང་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་བློའི་མ་ལག་བསྐྲུན་ནས་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོ་ཞིག་སྦྱོང་བརྡར་བྱས་ཡོད། ལོ་རྒྱུས་ལ་རྒྱུན་ཆད་མེད་པ་དང་སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་ནམ་ཡང་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས་གསུངས།

  
style="display:none;"