མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་
མིན་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་18ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་
མིན་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    ཟླ་7ཚེས་16ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པར་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
    ■ མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དེ་དང་ཆབས་ཅིག་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པའི་རེ་འབོད་སྔར་བས་ཆེ་རུ་སོང་ཡོད། ང་ཚོས་ན་ནིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2040ལོའི་རེ་འདོད་ལ་ཕྱོགས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གཅིག་མཐུན་འདུས་གྲུབ་ཀྱི་དམིགས་ཚད་བཏོན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ནི་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ནས་དཔལ་འབྱོར་འཕར་རྒྱུ་སླར་གསོ་ཡོང་བར་བྱས་ཏེ་འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁོངས་མི་ཁག་གི་མིག་སྔའི་ལས་འགན་གལ་ཆེ་ཤོས་དེ་རེད། གཅིག་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་ཁོང་ཡངས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། བཞི་ནས་ཚན་རྩལ་གསར་གཏོད་ཀྱི་གོ་སྐབས་ཁོང་དུ་ཆུད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པར་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
    ཞི་ཅིན་ཕིང་གིས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དེ་དང་ཆབས་ཅིག་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པའི་རེ་འབོད་སྔར་བས་ཆེ་རུ་སོང་ཡོད། ང་ཚོས་ན་ནིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2040ལོའི་རེ་འདོད་ལ་ཕྱོགས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གཅིག་མཐུན་འདུས་གྲུབ་ཀྱི་དམིགས་ཚད་བཏོན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ནི་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ནས་དཔལ་འབྱོར་འཕར་རྒྱུ་སླར་གསོ་ཡོང་བར་བྱས་ཏེ་འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁོངས་མི་ཁག་གི་མིག་སྔའི་ལས་འགན་གལ་ཆེ་ཤོས་དེ་རེད།
    གཅིག་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་5ལྷག་ཙམ་མཁོ་འདོན་བྱས་པ་དང་། འབྱུང་འགྱུར་ལོ་གསུམ་ནང་ད་དུང་ཨ་སྒོར་དུང་ཕྱུར་30ཡི་རྒྱལ་སྤྱིའི་རོགས་སྐྱོབ་མཁོ་འདོན་བྱེད་ཀྱི་ཡིན།
    ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་བདེ་འཇགས་འགན་ལེན་དང་འགག་རྩའི་ཟོག་འགྲེམས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་མཉམ་ལས་གྲོས་འགོར་ཧུར་ཐག་ཞུགས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་སྣ་བདེ་ཐང་དང་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་འགྲོ་འོང་ཐུབ་པ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་མ་དངུལ་ཞལ་འདེབས་བརྒྱབ་ནས“རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོའི”ཡན་ལག་ཐེབས་རྩ་བཙུགས་ཡོད།
    གཉིས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་དགོས། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས། གྱང་བཤིག་པ་ལས་གྱང་མི་རྩིག་པ་དང་། སྒོ་དབྱེ་བ་ལས་བཀག་སྡོམ་མི་བྱེད་པ། མཉམ་འདྲེས་ལས་འབྲེལ་ཐག་མི་གཅོད་པ་བཅས་བྱེད་དགོས། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་། ལྡོག་ཕྱོགས་ལས་ཐོན་པའི་ནུས་པ་བཀག་འགོག གྲངས་འཛིན་མཉམ་འབྲེལ་མཉམ་མཐུད་ཀྱི་མཉམ་ལས་ལ་སྐུལ་འདེད། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་ཁུལ་སྔ་ཙམ་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ཞིབ་དཔྱད་ཆོག་འཐུས་ལས་དོན་སྔོན་ལ་ལེགས་སྒྲུབ་བྱས་ནས་གྲོས་ཆོད་བྱུང་བའི་ལོའི་ནང་དངོས་སུ་ཕན་པ་འཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད།
    གསུམ་ནས་ཁོང་ཡངས་དང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱོན་བྲལ་ངང་འཕར་རྒྱུ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་2030ལོའི་གོང་ཐཱན་ཚད་མཐོ་ཤོས་མངོན་འགྱུར་བྱེད་རྒྱུ་དང་2060ལོའི་གོང་ཐཱན་ཚད་སྙོམས་སྦྱོར་མངོན་འགྱུར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་དཔལ་འབྱོར་ལག་རྩལ་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཏེ་ནུས་རྒྱུ་དེ་ཉིད་ནུས་ཆེ་དང་། དྭངས་གཙང་། སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོང་ཡངས་རང་བཞིན་གྱི་ཚོང་དོན་མ་འཇོག་ལ་སྐུལ་འདེད་གཏོང་བ། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར། བུད་མེད་སོགས་ཉམས་ཞན་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། 2030ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱེད་ཀྱི་ཡིན།
    བཞི་ནས་ཚན་རྩལ་གསར་གཏོད་ཀྱི་གོ་སྐབས་ཁོང་དུ་ཆུད་དགོས། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ནི་སྒོ་དབྱེ་དང་འབྲེལ་བ་དམ་ཟབ་ཀྱི་སྤྱི་ཡོངས་ཤིག་ཡིན་པས། མཉམ་ལས་གཉིས་ཁེ་ནི་ཡང་དག་པའི་འགྲོ་ལམ་གཅིག་པུ་དེ་ཡིན་པ་དང་། སྒོ་རྒྱག་པ་དང་གཞན་པ་ཕྱིར་འབུད་དང་ཁ་གཏད་དུ་ལངས་ནས་ཁ་ཕྲལ་དུ་བཏང་ཚེ་མདུན་ལམ་མེད་པ་ཞིག་རེད། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེ་དང་། གཞུང་དྲང་། མཐོང་ཆུང་མིན་པ་བཅས་ཀྱི་གྲངས་འཛིན་ཚོང་གཉེར་གྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲངས་འཛིན་ནུས་པ་འཛུགས་སྐྱོང་གི་བགྲོ་གླེང་ཚོགས་འདུ་འཚོགས་ནས་གྲངས་འཛིན་ལག་རྩལ་ལ་བརྟེན་ཏེ་ཡུལ་སྐོར་སླར་གསོར་རམ་འདེགས་བྱེད་པ་སོགས་ཀྱི་མཉམ་ལས་གྲོས་འགོར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་བསྐྲུན་ནས་ཡིད་དབང་འགུག་ཤུགས་དེ་བས་ཆེ་བའི་ཚོང་གཉེར་ཁོར་ཡུག་བཏོད་དེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས། འཛམ་གླིང་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་ཁག་ལ་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་མཇུག་ཏུ། ནེའུ་ཙི་ལན་གྱི་མའོ་ལེ་རིགས་ལ“ཉི་མ་ཤར་སྐབས། མུན་པ་རིམ་གྱིས་སེལ་འགྲོ”ཞེས་པའི་ཤོད་རྒྱུན་འདི་འདྲ་ཞིག་ཡོད། མིའི་རིགས་ཀྱིས་མཉམ་ལས་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་པ། མིའི་རིགས་ཀྱི་ཐུན་མོང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་ལག་གདང་སྦྲེལ་ནས་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དར་རྒྱས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
    ད་ཐེངས་ཀྱི་ཚོགས་འདུ་ནི་འདི་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ནེའུ་ཙི་ལན་གྱིས་བརྙན་ལམ་གྱི་རྣམ་པར་བརྟེན་ནས་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་དུ་འཕྲོད་བསྟེན་གྱི་ཉེན་ཁར་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོ་མགྱོགས་སུ་བཏང་ནས། འབྱུང་འགྱུར་འཕེལ་རྒྱས་ལ་དེ་བས་ལེགས་པའི་རྨང་གཞི་ཇི་ལྟར་འདིང་དགོས་མིན”འདི་རེད།

  
style="display:none;"