མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“མཛའ་གྲོགས་འགྲོ་འོང་དང་། བདེ་སྡུག་མཉམ་མྱོང་། ——ཏང་དང་རྒྱལ་ཁབ་ ཀྱི་འགོ་ཁྲིད་མི་སྣའི་ཕྱི་འབྲེལ་བྱེད་སྒོའི་
ཕྱག་རྟགས་འགྲེམས་སྟོན”ལ་གཟིགས་སྐོར་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་18ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་7ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱག་རྟགས་རིག་དངོས་དོ་དམ་ལྟེ་གནས་སུ“མཛའ་གྲོགས་འགྲོ་འོང་དང་། བདེ་སྡུག་མཉམ་མྱོང་། —ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཕྱི་འབྲེལ་བྱེད་སྒོའི་ཕྱག་རྟགས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བཞིན་པ།

འདི་ནི་ཟླ་7ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱག་རྟགས་རིག་དངོས་དོ་དམ་ལྟེ་གནས་སུ“མཛའ་གྲོགས་འགྲོ་འོང་དང་། བདེ་སྡུག་མཉམ་མྱོང་། —ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཕྱི་འབྲེལ་བྱེད་སྒོའི་ཕྱག་རྟགས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བཞིན་པ།

    ཞི་ཅིན་ཕིང་གིས“མཛའ་གྲོགས་འགྲོ་འོང་དང་། བདེ་སྡུག་མཉམ་མྱོང་། ——ཏང་དང་རྒྱལ་ཁབ་ ཀྱི་འགོ་ཁྲིད་མི་སྣའི་ཕྱི་འབྲེལ་བྱེད་སྒོའི་ཕྱག་རྟགས་འགྲེམས་སྟོན”ལ་གཟིགས་སྐོར་གནང་སྐབས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
    ཝང་ཧུའུ་ཉིང་གིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་དབྱང་ཕྱག་རྟགས་རིག་དངོས་དོ་དམ་ལྟེ་གནས་སུ་ཕེབས་ནས“མཛའ་གྲོགས་འགྲོ་འོང་དང་། བདེ་སྡུག་མཉམ་མྱོང་། —ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཕྱི་འབྲེལ་བྱེད་སྒོའི་ཕྱག་རྟགས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ་རེད། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཕྱི་འབྲེལ་བྱེད་སྒོའི་ཕྱག་རྟགས་ལ་དམིགས་བསལ་གྱི་ལོ་རྒྱུས་རིན་ཐང་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་ནང་དོན་ལྡན་ཡོད་ཅིང་། ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་འདུས་ཡོད་ལ། ཀྲུང་གོ་གསར་པའི་ཕྱི་འབྲེལ་བྱ་གཞག་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱང་དཔང་པོ་བྱེད་ཐུབ། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་སྲིད་ཏང་ཞིག་རེད་ལ། མིའི་རིགས་ཡར་རྒྱས་ཀྱི་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་སྲིད་ཏང་ཞིག་ཀྱང་རེད། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས།
    གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་ལ་ཤུགས་སྣོན། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་ཀྱི་ཡིན། འགྲེམས་སྟོན་བརྒྱུད་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་ལྕག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
    སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུང་དབྱང་ཕྱག་རྟགས་རིག་དངོས་དོ་དམ་ལྟེ་གནས་སུ་ཕེབས་ནས་འགྲེམས་ཁང་དུ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དེ་འགྲེམས་ཁུལ་གཙོ་བོ་གཅིག་དང་ཆེད་དོན་ཁུལ་གཉིས་ལ་དབྱེ་ཡོད་པ་དང་འགྲེམས་སྟོན་ཁུལ་གཙོ་བོར“རང་བཙན་རང་བདག་དང་ཞི་བདེ་མཉམ་གནས”དང་། “སྒོ་དབྱེ་མཉམ་ལས་དང་ཞི་བདེ་འཕེལ་རྒྱས” “ལམ་ཆེན་མཉམ་བགྲོད་དང་ལས་དབང་གཅིག་མཐུན”གྱི་ལེ་ཚན་3ལ་དབྱེ་ཡོད། ཆེད་དོན་ཁུལ་དེ“འཛམ་གླིང་གར་སྟེགས་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི”དང“རྣམ་པར་བཀྲ་བའི་འཛམ་གླིང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ”ཡིས་བརྗོད་དོན་གཙོ་བོ་བྱས་ཡོད། ཕྱག་རྟགས་670ལྷག་ཙམ་དང་། འདྲ་པར་40ལྷག་ཙམ། ཚད་ལྡན་ཡིག་ཆ་དང་། རྩོམ་ཡིག་གནད་བསྡུས། སྨྱན་སྦྱོར་གསར་པའི་དཔྱད་ཡིག་སོགས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པ་བརྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཕྱི་འབྲེལ་དོན་རྐྱེན་གལ་ཆེན་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོ་གསར་པའི་ཕྱི་འབྲེལ་བྱ་གཞག་བདེ་བླག་ངང་གཏོད་རིང་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་ཚད་དང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཆ་ཚང་བའི་སྒོ་ནས་བསྟན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་རང་རྒྱལ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འགྲོ་འོང་དང་། མཛའ་བརྩེ་ཟབ་མོ། རིག་གནས་སྤེལ་རེས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་དཔང་པོ་བྱས་ཡོད།
    ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཕུལ་བའི་སུའུ་ལན་གྱི་པར་ལེན་མཁས་ཅན་གྱིས་པར་བླངས་པའི་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེ་མོའི་ཚོན་ཁྲ་ཅན་གྱི་ལོ་རྒྱུས་བརྙན་པར་དང་། ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཕེང་ཕི་ཏུའུ་ཡིས་ཕུལ་བའི་འགེལ་རུམ《ཡ་མ་ཤུན་གཙང་པོ》 མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱེད་རྒྱུའི་གློག་འཕྲིན། ཨ་རིའི་ཙུང་ཐུང་ཟུར་པ་ཉི་ཁེ་སུང་གིས་ཕུལ་བའི་དཀར་ཆས་ངང་པ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ལྕམ་ས་ཆེའར་གྱིས་ཕུལ་བའི་དངུལ་གྱི་དུ་སྒམ། ཧ་སག་སི་ཐན་གྱི་ཙུང་ཐུང་དང་པོ་ན་ཀྲར་པ་ཡེ་ཕུའུ་ཡིས་ཕུལ་བའི་རྔ་མོང་གཟུགས་ཀྱི་ཕོར་པ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཟུར་པ་སུའུ་ཤིས་ལུའོ་ཡིས་ཕུལ་བའི་སྲོལ་རྒྱུན་གྱི་འབག ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ཁོང་གི་སྐུ་ཟླས་ཕུལ་བའི་འགྲོན་བུའི་ཕྲ་རྒྱན་རི་མོ། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་ཡིས་ཕུལ་བའི་མོང་ནེ་ལྕགས་ལམ་གྱི་དྲན་གསོའི་Uསྡེར། ཀེ་རི་སེའི་ཙུང་ལི་ཟུར་པ་ཆི་ཕུའུ་ལ་སིས་ཕུལ་བའི་ཨ་ཐེན་སིའི་འབུར་བརྐོས། པོ་ལི་ཝེ་ཡའི་ཙུང་ཐུང་ཟུར་པ་མོ་ལ་ལེ་སི་ཡིས་ཕུལ་བའི་ཚོན་རིས་ཤིང་བརྐོས། ཧྥི་ཅི་ཡི་ཙུང་ལི་མུའུ་པའེ་ཉི་མ་ལ་མས་ཕུལ་བའི་སྲོལ་རྒྱུན་ཡུལ་སྲོལ་གོམས་གཤིས་ཀྱི་མཛེས་རྒྱན་རི་མོ་སོགས་ཡོད། འགྲེམས་ཁང་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཕྱག་རྟགས་རེ་རེ་དང་། རྩ་ཆེ་ཞིང་ཞིབ་ཚགས་པའི་དཔྱད་གཞིའི་ཡིག་ཆ། གསོན་ཉམས་ལྡན་པའི་བརྙན་ལམ་གྱི་འདྲ་བཟོས་རེ་རེ་བཅས་ལ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱི་ཡིད་དབང་འཕྲོགས་ཡོད། ཁོང་རྣམ་པས་གཟིགས་སྐོར་གནང་ཞོར་དུ་འགྲེམས་དངོས་ཀྱི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

  
style="display:none;"