མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་23ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་རྒྱུ་ཨང་དང་པོར་བཞག་ནས་འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད།
   ཞི་ཅིན་ཕིང་གིས། ཉེ་ཆར། ཧོ་ནན་སོགས་ས་ཆར་རྒྱུན་མཐུད་དྲག་ཆར་བབས་ནས་ཀྲེང་ཀྲོའུ་སོགས་གྲོང་ཁྱེར་ལ་འཁྱིལ་ཆུའི་གནོད་སྐྱོན་ཚབས་ཆེན་ཐོན་ཏེ། ཆུ་བོ་ཁ་ཤས་ཀྱི་ཆུ་ཁ་ཉེན་ཟོན་གྱི་ཚད་གཞི་ལས་བརྒལ་བ་དང་། ཆུ་མཛོད་ཁག་གཅིག་གི་རགས་ཁ་ཤོར་བ། ལྕགས་ལམ་འགའ་ཞིག་སྐྱེལ་འདྲེན་གཉེར་སྐྱོང་བྱེད་མཚམས་ཆད་པ། དུས་གཏན་གནམ་གྲུ་གཏོང་མཚམས་ཆད་པ་བཅས་ཀྱི་གནས་ཚུལ་ཐོན་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པས། འབྲུབ་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
   ཞི་ཅིན་ཕིང་གིས། མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་པས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་ནས། མང་ཚོགས་ཀྱི་མདུན་དུ་རྒྱུག་པ་དང་མདུན་ཕྱོགས་སུ་བཀོད་འདོམས། སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་ཀྱིས་འབྲུབ་འགོག་གེགས་སེལ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བཅས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ལ་ཉེན་སེལ་གེགས་སེལ་གྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འཚེའི་མངོན་མེད་རྐྱེན་ངན་ལ་སྐོར་ཞིབ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དྲག་ཆར་དང་། རྒྱ་མཚོའི་རླུང་འཚུབ། ཆུ་ལོག འདམ་རྡོའི་ཆུ་རུད་སོགས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ། འགྲིམ་འགྲུལ་ཤར་གཏོང་ཐུབ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོར་རོགས་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་ལས་དོན་ཏན་ཏིག་བསྒྲུབས་ནས། གནོད་འཚེས་རྐྱེན་པས་དབུལ་པོ་བསྐྱར་ལོག་དང“གནོད་འཚེ་ཆེན་པོའི་རྗེས་སུ་ནད་ཡམས་ཆེན་པོ”མ་ཐོན་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

  
style="display:none;"