མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་23ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་རྟོག་ཞིབ་དང་བརྟག་དཔྱད་གནང་བར་ཕེབས་པ་རེད། ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་གནམ་གྲུར་བཞུགས་ནས་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་སླེབས་ཚེ་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དགའ་བསུ་ཚད་མེད་ཐོབ་ཅིང་། དེའི་རྗེས་སུ། ཁོང་རླངས་འཁོར་ལ་བཞུགས་ནས་ཉང་ཆུའི་ཟམ་ཆེན་དུ་ཕེབས་ནས། ཡར་ཀླུང་གཙང་པོ་དང་དེ་བཞིན་ཉང་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།       
     ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་དང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ། ཀོང་པོའི་སྤྱི་གླིང་བཅས་སུ་ཕེབས་ནས་གྲོང་ཁྱེར་འཕེལ་རྒྱས་འཆར་འགོད་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཚེས་22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཉིང་ཁྲིའི་མེ་འཁོར་བབས་ཚུགས་སུ་ཕེབས་ནས། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དེའི་རྗེས་སུ་མེ་འཁོར་ལ་བཞུགས་ནས་ལྷ་ས་གྲོང་ཁྱེར་དུ་ཕེབས་ཏེ་ལྷ་ཉིང་ལྕགས་ལམ་གྱི་ལམ་རྒྱུད་འཛུགས་སྐྲུན་བྱས་ཚུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་བ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་བ་རེད།

༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།
༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།
༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།
༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།
༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།
༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།
༄༅།།ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་དང་བརྟག་དཔྱད་གནང་བ།

  
style="display:none;"