མི་དམངས་དྲ་བ།

༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་23ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ལོག་ཕེབས་པ།

      མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བཅས་གནང་གྲུབ་རྗེས། ཚེས་21ཉིན་བོད་ལྗོངས་ནས་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ལོག་ཕེབས་པ་རེད།
     ཉིན་ཤས་བསྟུད་མར། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་བ་ཟབ་མོ་བསྣམས་ནས་གངས་ལྗོངས་ས་མཐོར་ཕེབས་ཏེ། ཏང་གི་དྲོ་སྐྱིད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་སུ་ཚོར་བ་བྱས་པས། ས་གནས་དེ་གའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
     ཚེས་8ཉིན་གྱི་སྔ་དྲོ། དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གི་སྣེ་ཁྲིད་དེ་བོད་ལྗོངས་ལག་ཤེས་དགེ་རྒན་སློབ་གླིང་དུ་ཕེབས་ཤིང་། སྐམ་འཛིན་བཟོ་པའི་དངོས་སྦྱོང་ཁང་དང་རླངས་འཁོར་དངོས་སྦྱོང་ཁང་སོགས་སུ་ཕེབས་ཏེ་སློབ་གླིང་གི་དངོས་སྦྱོང་དང་སློབ་ཁྲིད་ཀྱི་གནས་ཚུལ་རྟོག་ཞིབ་གནང་བ་དང་། སློབ་མའི་འཐུས་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ཁོང་ཚོར་སློབ་སྦྱོང་ནན་ཏན་བྱས་ཏེ། ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ནས་བྱས་རྗེས་ཧུར་ཐག་འཇོག་པ་དང་མེས་རྒྱལ་གྱི་དྲིན་ལན་འཇལ་དགོས་པའི་སྐུལ་ལྕག་གནང་བ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པད་མ་འཕྲིན་ལས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་གཞིས་རྩེ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་དུ་ཕེབས་ནས་ཡུལ་གཞན་དུ་གནས་སྤོ་དང་། ཐོན་ལས་བཀོད་སྒྲིག  གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་མ་ཟད། གྲོང་མི་ཚེ་ཕུན་གྱི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་ཡང་གནང་བ་རེད།
      བརྩེ་བ་ཟབ་མོ་ནམ་ཡང་སེམས་སུ་བཅངས། ས་མཐོའི་བུ་ཕུག་སེམས་པ་ཏང་ལ་ཕྱོགས། ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་སྐབས་རང་སྐྱོང་ལྗོངས་ཀྱིས་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་དར་དང་མེ་ཏོག་འཁྱེར་ནས“བཀྲ་ཤིས་བདེ་ལེགས”ཞེས་སྐད་གསང་མཐོན་པོས་འབོད་དེ། ས་མཐོའི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བཀའ་དྲིན་ཚོར་ལུགས་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་ཡོད། ཟླ་7ཚེས་21ནས་23ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་སླར་ཡང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་ཐུགས་ལ་འཆང་བཞིན་རྟེན་འབྲེལ་མཛད་སྒོ་ཁག་ལ་ཞུགས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ལྕག་སྐུལ་ཆེན་པོ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད། གངས་ལྗོངས་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་ཧུར་ཐག་བསྐྲུན་པ་དང་། སེམས་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱས་ཏེ། ལས་དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་བཞེས་གནང་བར་བཀའ་དྲིན་འཇལ་ངེས་རེད།

【1】  【2】

༄༅།།ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ལོག་ཕེབས་པ།

  
style="display:none;"