མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ —ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླེང་སྟེགས་དང་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་25ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླེང་སྟེགས་དང་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། འཛམ་གླིང་འདི་ཉིད་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་སྐབས་སུ་སླེབས་ཡོད། 5Gདང་། མི་ཐབས་རིག་ནུས། རིག་ལྡན་གྲོང་ཁྱེར་སོགས་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། ལས་སྟེགས་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་དར་བ་ལས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲངས་འཛིན་ལག་རྩལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས།
     ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་20འཁོར་བའི་མཚམས་སུ་ཀྲུང་གོས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་པ་དང་། གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ལས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཏེ་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཀྲུང་གོ ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླེང་སྟེགས་དང་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་དུས་གཅིག་ཏུ་གཉེར་བ་དང་དེ་ཉིན་ཁྲུང་ཆིང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།

  
style="display:none;"