མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་
པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་02ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་8ཚེས་31ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པར་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཟིགས་མོར་ཕེབས་ཤིང་། འདི་ནི་འཁྲབ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་སོགས་ཀྱིས་རིག་རྩལ་སྐོང་འཁྲབ་ནང་ཞུགས་མཁན་གྱི་འཐུས་མི་དང་། སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས་56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བའི་རྣམ་པ་ཡིན་པ།

ཟླ་8ཚེས་31ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པར་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཟིགས་མོར་ཕེབས་ཤིང་། འདི་ནི་འཁྲབ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་སོགས་ཀྱིས་རིག་རྩལ་སྐོང་འཁྲབ་ནང་ཞུགས་མཁན་གྱི་འཐུས་མི་དང་། སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས་56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བའི་རྣམ་པ་ཡིན་པ།

     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་བཅས་གཟིགས་མོར་ཕེབས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་མང་ཚོགས་3000ཙམ་དང་མཉམ་དུ་དགོང་ཚོགས་ལ་གཟིགས་པ་རེད།
     མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་དུ་གློག་འོད་རྣམ་པར་བཀྲ་ཞིང་གང་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད། ཆུ་ཚོད་20ཙམ་གྱི་ཐོག ཞི་ཅིན་ཕིང་སོགས་དགོང་ཚོགས་འཚོག་ཡུལ་དུ་ཕེབས་པས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས་པ་དང་། སྤྲོ་སྣང་ལྡན་པའི་འགོ་ཚུགས་གླུ་གར《མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་པ་ཏང་ལ་ཕྱོགས》འཁྲབ་སྟོན་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་སྦྲགས་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས《མཐུན་སྒྲིལ་འབད་འབུངས་བྱས་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད》ཅེས་པ་ཚོགས་འགོ་ཚུགས་པ་རེད། དགོང་ཚོགས་ཧྲིལ་པོ་འགྲོ་ལམ་གསར་པ་གཏོད་པ་དང་། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད་པ། རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་བཅས་ཁག་གསུམ་ལས་གྲུབ་ཡོད། རོལ་དབྱངས་དང་། སྙན་ངག འཁྲབ་སྟོན་བཅས་སྤེལ་མ《ཤ་ཁྲག་གཅིག་འབྲེལ》དང་། ཞབས་བྲོ《གངས་ལྗོངས་ཀྱི་སྐྱིད་པའི་ཉི་མ》 གླུ་གཞས་མཉམ་ལེན《སྐྱིད་སྡུག་འདྲེས་མའི་ལོ་ཟླ》 ལྗོངས་རྣམ་གླུ་གར《གྲོང་ཚོའི་ནང་གི་སྤྲིན་ཚོམ་འཚོ་བ》 མངོན་མིན་རིག་གནས་ཤུལ་བཞག་གླུ་གར《རྣམ་བཀྲའི་མུ་ཏིག་ཀྲུང་ཧྭའི་རྒྱན》རོལ་ཆ་དཀྲོལ་གཏོང《དགའ་སྐྱིད་ལྡན་པའི་གླུ་དབྱངས》 ཞབས་བྲོ《རྒྱང་སྐྱོད》སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། མཚོན་སྟངས་སྣ་ཚོགས་པ། དུས་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པ། ངོ་མཚར་ཆེ་བ་བཅས་ཀྱི་འཁྲབ་ཚན་རེ་རེས་དགོང་ཚོགས་ཀྱི་མཐོ་རླབས་འཕྱུར་བར་བྱས་པ་རེད། དགོང་ཚོགས་ཆ་ཚང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བྱམས་བརྩེའི་ཐུགས་ཁུར་ལ་བསྟོད་གླུ་ཕུལ་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་མཚར་སྡུག་དང་ཕུན་སུམ་ཚོགས་པའི་ནང་དོན་གསོན་ཉམས་དོད་པོས་མཚོན་པ། མི་རིགས་ཁག་གི་བུ་ཕྲུག་ཚོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མཉམ་དུ་མཐུན་སྒྲིལ་འབད་འབུངས་བྱེད་པའི་བརྗིད་ཆེའི་རྣམ་པ་གསོན་ཉམས་དོད་པོས་མངོན་པ། ཀྲུང་ཧྭའི་བུ་ཕྲུག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ། སྤོབས་སེམས་ཆེར་སྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་བཅས་ཀྱི་ཆོད་སེམས་བརྟན་པོ་དང་སྤོབས་སེམས་ཆེན་པོ་གང་ལེགས་མངོན་པ་བཅས་བྱས་པར་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་། མཇུག་ཏུ《འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་མི་རིགས་ཁག་གི་འཁྲབ་སྟོན་པ་ཚོའི་སྤྲོ་སེམས་འཁོལ་བའི་ཞབས་བྲོའི་ཁྲོད་ནས་དགོང་ཚོགས་གྲོལ་བ་རེད།
     འཁྲབ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པས་རིག་རྩལ་སྐོང་འཁྲབ་ཀྱི་འཐུས་མི་དང་། སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས་56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་དང་ཆབས་ཅིག་ཁོང་ཚོང་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

  
style="display:none;"