མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་03ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་9ཚེས་1ཉིན། 2021ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་9ཚེས་1ཉིན། 2021ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་ གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། དད་སེམས་བརྟན་གཏོང་དང་། ཏང་ལ་ལྷག་བསམ་རྣམ་དག དངོས་ཐོག་བདེན་འཚོལ། ཐེག་པ་ཁུར་ལེན་བཅས་བྱས་ནས་སྤྱོད་གོ་ཆོད་ལ་འགན་ལྕི་འཁུར་ཐུབ་པའི་རྐང་འཛིན་མི་སྣར་འགྱུར་བའི་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2021ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་9ཚེས་1ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ན་གཞོན་ལས་བྱེད་པ་རྣམས་ལ་དུས་རབས་རླབས་པོ་ཆེ་ཞིག་འཕྲད་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཅིག་ཡིན་པའི་ན་གཞོན་ཚོས། ངེས་པར་དུ་འཇོན་ནུས་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་དགོས་ཤིང་། དད་སེམས་བརྟན་གཏོང་དང་། ཏང་ལ་ལྷག་བསམ་རྣམ་དག དོན་དངོས་ལ་སྣང་ཆེན། དངོས་ཐོག་བདེན་འཚོལ། འགན་འཁྲི་འཁུར་ཕོད་པ། བྱ་བ་སྒྲུབ་མཁས་པོ། རྩ་དོན་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ། སྒྲིག་ལམ་ནན་སྲུང་། མཐའ་ཚད་ལས་མི་བརྒལ་བ། དཀའ་སྤྱད་སྦྱོང་བརྡར། འཇོན་ཐང་ཆེར་གཏོང་བཅས་བྱས་ཏེ། སྤྱོད་གོ་ཆོད་ལ་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣར་འགྱུར་བའི་འབད་བརྩོན་བྱས་ནས། ཏང་དང་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཕུགས་བསམ་དང་སྲ་བརྟན་འགྱུར་མེད་ཀྱི་དད་སེམས་ལྡན་པའི་ཏང་ཞིག་ཡིན། ཕུགས་བསམ་དང་དད་སེམས་ནི་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅས་རེད། ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཡང་ཡིན། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་བྱུང་ཚེ། གཞི་ནས་ཉམས་སད་སྣ་ཚོགས་ཐེག་ནས་བརྟན་པོར་སྐྱོད་ཐུབ་པ་དང་རྒྱང་རིང་དུ་སྐྱོད་ཐུབ། ཕུགས་བསམ་དང་དད་སེམས་མེད་པའམ་ཡང་ན་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ཚེ། རླུང་རླབས་ཀྱི་ཚོད་བགམ་ཐེག་མི་ཐུབ་པ་དང་། འགག་རྩའི་དུས་སུ་སྒེར་སེམས་སྣ་ཚོགས་སྐྱེས་པ། ཐ་ན་དམག་རྒྱག་ཁར་བྲོས་འགྲོ་གི་རེད། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་བྱེད་ཐེངས་གཅིག་ལ་འགྲུབ་པ་ཞིག་མིན་ལ། དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་དེ་བས་ཀྱང་མིན་པར། འཐབ་རྩོད་ཀྱི་ལག་ལེན་ཁྲོད་དུ་ཟམ་མི་ཆད་པར་ཞུན་བརྡར་དང་ཚོད་བགམ་ཐེག་པར་བྱ་རྒྱུ་དེ་རེད། ན་གཞོན་ལས་བྱེད་པ་ཚོས་ཡིད་ལ་བརྟན་པོར་ངེས་དགོས་པ་ཞིག་ལ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་ནི་མི་ཚེ་གང་པོའི་ཞིབ་འཇུག་བྱ་གཞི་ཡིན་པས་ནམ་ཞག་རྒྱུན་དུ་སྦྱོང་བརྡར་དང་། མི་ཚེ་གང་པོར་ཡིད་ཆེས། མི་ཚེ་གང་པོར་བརྟན་སྲུང་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དང་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་གཉིས་འབྲེལ་བ་དམ་ཟབ་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོ་བྱུང་ཚེ་གཞི་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ཐུབ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་ནི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་གསལ་བཤད་ཡག་ཤོས་ཤིག་རེད། ཏང་ཡོན་ལས་བྱེད་པ་ཚོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་མིན་ཞིབ་བཤེར་བྱེད་སྐབས། གསར་བརྗེའི་ལོ་རབས་སུ་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་གདོང་མཆོང་དཔུང་གཏོར་དང་རང་སྲོག་བློས་གཏོང་ཐུབ་མིན་ལ་ལྟ་དགོས་པ་དང་། ཞི་བདེའི་དུས་སྐབས་སུའང་ཞིབ་བཤེར་གྱི་ཚད་གཞི་གསལ་པོ་ཡོད་དགོས་པ་དཔེར་ན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་ཐུབ་མིན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཐུབ་མིན། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་ཐུབ་མིན་བཅས་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་ཐུབ་མིན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་ཐུབ་མིན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་ཐུབ་མིན་དང་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་དང་མི་དྲང་པོ་བྱེད་ཐུབ་མིན། ཏང་དང་མི་དམངས་ཀྱི་བྱ་གཞག་ཐམས་ཅད་ལས་ལྷག་པ་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། རྩ་འཛུགས་ཀྱི་གཏན་འབེབས་རང་རྟོགས་ངང་ལག་བསྟར་བྱེད་ཐུབ་མིན། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་ཐུབ་མིན་སོགས་ཚང་མ་ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་མིན་གྱི་ཐད་ཀའི་ཞིབ་བཤེར་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བྱ་བ་ཐམས་ཅད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ང་ཚོས་གནད་དོན་ལ་བསམ་གཞིག་དང་། ཐབས་ཇུས་འདོན་པ། བྱ་བ་སྒྲུབ་པ་བཅས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་དོན་དངོས་ལ་ཟབ་འཇུག་དང་དོན་དངོས་ཤེས་རྟོགས་བྱ་རྒྱུ་དེ་ཡིན། དེ་ལྟར་བྱས་ཚེ་གཞི་ནས་དངོས་ཐོག་བདེན་འཚོལ་བྱེད་ཐུབ། དོན་དངོས་རྒྱུས་མངའ་ལོན་པར་བྱེད་དགོས་ན། བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་ནུས་རྩལ་ཁོང་དུ་ཆུད་པར་བྱེད་དགོས། མིག་གཤམ་འོག་ལ་ལྟ་བ་དང་། རྐང་པ་འོག་རིམ་ལ་སྤོ་བ། རྒྱུན་དུ་གཞི་རིམ་དང་འཐབ་ས་དང་པོར་སྐྱོད་པ། (པར་ཉེ་རིང་ཚང་མར་སྐྱོད་པ། ཡག་ཉེས་ཚང་མ་ཤེས་རྟོགས་བྱེད་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་བསྔགས་བརྗོད་དང་སྐྱོན་བརྗོད་བྱས་རིགས་ཚང་མ་ཉན་པ་བཅས་བྱས་ནས་གནས་ཚུལ་མཐིལ་རྟོགས་དངོས་འབྲེལ་ཐུབ་པ་བྱེད་དགོས་ཤིང་། “ལུས་པོ”གཞི་རིམ་དུ་སླེབས་པ་བྱེད་དགོས་ལ། “སེམས་པ”གཞི་རིམ་དུ་དེ་བས་ཀྱང་གནས་པར་བྱས་ཏེ། སྐད་ཆ་དྲང་པོ་ཉན་པ་དང་། གནས་ཚུལ་ངོ་མ་ཤེས་རྟོགས། གནད་དོན་ལ་ཞིབ་འཇུག་ངོ་མ། གནད་དོན་དངོས་ལ་ཞིབ་འཇུག་བཅས་བྱེད་པ་ལས་ཕྱི་ཚུལ་ཙམ་གྱི་བརྟག་ཞིབ་དང་། ཕྱོགས་རེ་བའི་བརྟག་ཞིབ། ཕུད་གཏོར་ལྟ་བུའི་བརྟག་ཞིབ་བཅས་བྱེད་མི་རུང་། དབྱེ་ཞིབ་དང་བསམ་གཞིག་གཏིང་ཟབ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཤིང་། སྙིགས་དོར་བཅུད་ལེན་དང་། རྫུན་དོར་བདེན་འཛིན། འདི་ནས་དེ་ཤེས། ཕྱི་ནས་ནང་ཤེས་བཅས་བྱས་ཏེ། བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་རྟོགས་པ་དང་གནད་དོན་ཐག་གཅོད་བྱེད་ཐབས་རྙེད་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། དོན་དངོས་ནས་འགོ་འཛུགས་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱ་རྒྱུ་ནི་བསམ་བློ་གཏོང་སྟངས་ཀྱི་གནད་དོན་ཙམ་ཡིན་པ་མ་ཟད། ཏང་གཤིས་ཟབ་མིན་གྱི་གནད་དོན་ཞིག་ཀྱང་རེད། མིག་སྔའི་ལས་བྱེད་པའི་དཔུང་ཁག་གི་དོན་དངོས་ལ་བལྟས་ན། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཐག་གཅོད་བྱེད་དགོས་ཤོས་ནི་ཏང་གཤིས་ཀྱི་གནད་དོན་རེད། ལས་བྱེད་པས་དངོས་ཐོག་བདེན་འཚོལ་བྱེད་མིན་ཕྱོགས་མང་པོའི་ཐད་ནས་ལྟ་ཆོག་རུང་གཙོ་ཆེ་ཤོས་ནི་སྐད་ཆ་དྲང་པོ་ཤོད་མིན་དང་། བྱ་བ་དངོས་སྒྲུབ་མིན། ཕན་འབྲས་དངོས་དོན་གཉེར་བྱས་མིན་བཅས་ལ་ལྟ་དགོས། ན་གཞོན་ལས་བྱེད་པས་ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་ནི་ཏང་གཤིས་བློ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བདེན་དོན་མཐའ་འཁྱོངས་བྱེད་ཕོད་པ་དང་། རང་ཚུགས་ངང་བསམ་གཞིག་བྱེད་མཁས་པ། དམ་པ་དོན་གཉེར་མཐའ་འཁྱོངས་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལས་དོན་སྒྲུབ་པ་དང་འགན་འཁྲི་འཁུར་བ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ་རིན་ཐང་གནས་སའང་ཡིན། ཏང་གིས་ལས་བྱེད་པ་ལས་གནས་སོ་སོར་འཇོག་དོན་ནི་ཚང་མས་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་དོན་སྒྲུབ་པ་ལས། དཔོན་པོ་བྱས་ནས་སྐྱིད་པོ་བྱེད་རྒྱུ་དེ་མིན། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཧ་ཅང་མང་བས། ལས་དོན་ཡག་པོ་སྒྲུབ་པར་ཚང་མས་རང་འགན་ཐེག་པ་ཁུར་ལེན་བྱེད་དགོས། དེ་ཡང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་གཉིས་གཞི་གཅིག་ཅན་ཡིན་ཞིང་། བྱས་རྗེས་མ་བཞག་པ་ནི་འགན་འཁྲི་མ་འཁུར་བ་ཞིག་རེད། བྱས་རྗེས་འཇོག་འདོད་ན་འགན་འཁྲི་འཁུར་དགོས། བྱ་བ་སྒྲུབ་སྐབས་རྟག་ཏུ་ཉེན་ཁ་འཕྲད་སྲིད། ཉེན་ཁ་ཡོད་པའི་རྐྱེན་གྱིས་ད་གཟོད་འགན་འཁུར་དགོས། ཏང་དང་མི་དམངས་ལ་ཕན་པའི་བྱ་བ་ཡིན་ཕྱིན། ང་ཚོས་དཀའ་ངལ་དང་འགན་འཁྲིར་མ་གཡོལ་བར་བློ་ཁོག་ཆེན་པོས་འགན་འཁུར་བ་དང་སེམས་ཐག་གཙང་བཅད་ཀྱིས་སྒྲུབ་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་ཀུན་སྤྱོད་གལ་ཆེན་ཞིག་དང་ལས་བྱེད་པ་ཞིག་ཚད་གཞི་ལོན་མིན་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་རེད། གུང་ཁྲན་ཏང་མིའི་ངོས་ནས་བཤད་ན། “ཇོ་བཟང”ནི་དངོས་འབྲེལ་གྱི་མི་ཡག་པོ་ཞིག་མ་རེད། ཁ་དགྲ་སྣ་དགྲ་མི་བཟོ་བའི་སྤྱོད་ཚུལ་འཛིན་མཁན་ལ་སྒེར་སེམས་ལས་སྤྱི་སེམས་མེད་པ་དང་། དྲང་བདེན་གྱི་བསམ་པ་མེད་པས་རང་ལ་ངོ་བཟོ་ཡོད་རུང་། དར་སྲོལ་དང་བྱ་གཞག་ལ་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། གུང་ཁྲན་ཏང་མིས་ཏང་གཤིས་ལ་སྣང་ཆེན་དང་རྩ་དོན་ལ་སྣང་ཆེན་བྱེད་པར་འཐབ་རྩོད་ལ་སྣང་ཆེན་བྱེད་དགོས། རྩ་དོན་གྱི་གནད་དོན་ཐད་ཟ་རི་ཟི་རི་དང་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་། དེ་ལས་ལྡོག་ཚེ་ཏང་དང་མི་དམངས་ལ་འགན་མ་ཁུར་བ་དང་ཐ་ན་ཉེས་པ་བསགས་པ་ཞིག་རེད། ཡིན་མིན་ཆེན་པོའི་མདུན་དུ་རྩ་དོན་ལ་སྣང་ཆེན་བྱེད་དགོས་པ་དང་། བྱ་བ་ཆུང་ཙག་སྒྲུབ་སྐབས་རྩ་དོན་ལ་སྣང་ཆེན་བྱེད་དགོས། ཏང་གི་ལས་བྱེད་པ་ཚང་མར་དྲང་གཞག་ངང་བྱ་བ་སྒྲུབ་པ་དང་ཉེ་རིང་ཕྱོགས་ལྷུང་མེད་པའི་སྙིང་སྟོབས་ལྡན་དགོས་པ་དང་། རྩ་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོར་མི་ལྟ་བ་དང་ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་སྒེར་གྱི་འབྲེལ་བར་ལྟ་མི་རུང་།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འགག་རྩའི་དུས་སུ་སླེབས་ཡོད་པས། ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་པས། དུས་བདེ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་བ་ལས་འཐབ་རྩོད་བྱེད་འདོད་མེད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། དེས་ན་སྟོང་བསམ་དོར་ནས་འཐབ་རྩོད་བྱེད་ཕོད་པར་བྱས་ཏེ་རྩ་དོན་གྱི་གནད་དོན་ཐད་གོམ་པ་གང་ཡང་ཕྱིར་བཤོལ་མི་བྱེད་པ་དང་ས་ཆ་སྦར་མཐིལ་ཙམ་ཡང་མི་གློད་པར། སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། གུང་ཁྲན་ཏང་མིས་དུས་དང་རྣམ་པ་ཀུན་ཏུ་རྨོངས་དད་མི་བྱེད་པ་དང་། གདོན་འདྲེར་མི་སྐྲག་པ། སྡར་མ་མི་བྱེད་པ་བཅས་ཀྱི་སྙིང་སྟོབས་དང་། ངར་སེམས། བློ་སྟོབས་བཅས་ལྡན་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ལམ་ལ་སྣང་ཆེན་དང་མཐའ་ཚད་སྲུང་བར་སྔོན་ལ་གུས་སྐྲག་གི་སེམས་པ་ལྡན་དགོས། སེམས་ལ་སྐྲག་སྣང་ཡོད་གྱུར་ན་ཁ་ལ་བདག་པོ་རྒྱག་ངེས་པ་དང་། སྤྱོད་ཚུལ་ལ་ཚོད་འཛིན་བྱེད་ངེས། ལས་བྱེད་པས་ངེས་པར་དུ་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་འཇིགས་སྣང་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱས་ཏེ། ཏང་དང་། མི་དམངས། བཅའ་ཁྲིམས་དང་སྒྲིག་ཁྲིམས་བཅས་ལ་གུས་ཤིང་སྐྲག་དགོས། བློ་སྦྱོང་ནན་པོ་བྱས་ན་གཞི་ནས་རང་གཅུན་ནན་པོ་ཡོང་ཐུབ། ལས་བྱེད་པ་ཞིག་གིས་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་གཅུན་སྒོ་ཨ་མ་དམ་པོར་སྒྲིམ་པ་དང་། བསམ་བློའི་གོ་རྟོགས་དང་བསམ་པའི་གནས་ཚད་མཐོ་རུ་བཏང་ཚེ། ད་གཟོད་རུལ་སུངས་བྱེད་མི་ཕོད་པ་ནས་རུལ་སུངས་བྱེད་མི་འདོད་པར་འགྱུར་ཐུབ། ང་ཚོ་གུང་ཁྲན་ཏང་མིས་སྒྲུབ་པ་ནི་སྤྱི་དོན་ཆེན་པོ་དང་། སྲུང་བ་ནི་དྲང་བདེན་ཆེན་པོ། བརྩོན་པ་ནི་མཉམ་སྡེབ་ཆེན་པོ་བཅས་ཡིན་པས། གཞུང་དྲང་ཚུལ་མཐུན་དང་སྤྱོད་བཟང་རང་གཅེས་དེ་བས་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ་དང་། སྤྱོད་པ་ཚུལ་མཐུན། སྤྱོད་གཙང་གཞུང་དྲང་བཅས་ཀྱི་མི་ཞིག་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོ་ནི་སྔར་བྱུང་མྱོང་མེད་པའི་འཕོ་འགྱུར་གྱི་དུས་རབས་སུ་གནས་པ་དང་ང་ཚོས་སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་སྒྲུབ་བཞིན་ཡོད་པས། གལ་ཏེ་ཤེས་ཡོན་མི་འདང་བ་དང་། མཐོང་རྒྱ་ཆུང་བ། འཇོན་ཐང་ཆེན་པོ་མེད་པ་བཅས་ཡིན་ཚེ་བྱ་བར་འཐུས་ཤོར་འགྲོ་སྲིད། ན་གཞོན་ལས་བྱེད་པ་ནི་སེམས་ཤུགས་ཆེ་བ་དང་། སྤྱང་གྲུང་འཛོམས་པ། དང་ལེན་བྱེད་ནུས་ཆེ་བ་བཅས་ཡིན་པར་བརྟེན་འཇོན་ཐང་འཕེལ་བའི་དུས་སྐབས་བཟང་པོར་གནས་ཡོད་པས། ངེས་པར་དུ་དུས་ཚོད་ལ་གཅེས་སྤྲས་ཀྱིས་ལང་ཚོ་ཆུད་ཟོས་སུ་མ་བཏང་བར་སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་འཇོན་ཐང་ཆེ་རུ་གཏོང་དགོས། “ཧབ་ཐོབ”དང“བརྩོན་ཞིབ”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། དཔེ་དེབ་མང་ཙམ་དང་དཔེ་དེབ་ཡག་པོ་བཀླགས་ཏེ་དཔེ་དེབ་ཁྲོད་ནས་བློ་གྲོས་དང་ཉིང་བཅུད་བསྡུ་ལེན་བྱེད་དགོས། ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ཏེ། བྱ་བ་གང་ཞིག་བསྒྲུབས་ན་དེ་ཤེས་པ་དང་གང་ཞིག་མི་འདང་ཚེ་དེ་གསབ་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་། དཔལ་འབྱོར་དང་། ཆབ་སྲིད། བཅའ་ཁྲིམས། རིག་གནས། སྤྱི་ཚོགས། དོ་དམ། སྐྱེ་ཁམས། རྒྱལ་སྤྱི་སོགས་ཐད་ཀྱི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་། རང་འཁྲིའི་ལས་ཀ་ལེགས་པར་སྒྲུབ་པའི་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་སློབ་སྦྱོང་བཅས་བྱས་ནས། རང་འགན་གཙང་སྒྲུབ་ལ་མཁོ་ངེས་ཀྱི་ཤེས་བྱའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
     ཞི་ཅིན་ཕིང་གིས། ལག་ལེན་ལས་ཤེས་བྱ་ངོ་མ་ཤེས་པ་དང་ལག་ལེན་ལས་འཇོན་ཐང་ངོ་མ་འཕེལ་ཐུབ། ལས་དོན་ཁྲོད་ནས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་བྱེད་བཞིན་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པ་འཚར་ལོངས་ཡོང་བ་དང་འཇོན་ཐང་འཕེལ་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ལག་ལེན་འདྲ་མཚུངས་ཡིན་རུང་། དངོས་འབྲེལ་སེམས་རྣལ་ལ་ཕབ་མིན་དང་ནུས་ཤུགས་ཡོད་ཚད་བཏོན་མིན་དང་ཕྱོགས་སྡོམ་དང་བསམ་གཞིག་བྱེད་མཁས་མིན་གལ་ཆེན་པོ་ཡིན་པས། དེའི་གྲུབ་འབྲས་ཆེ་ཆུང་དང་ཡར་རྒྱས་ཀྱི་མྱུར་ཚད་འདྲ་གི་མེད། གལ་ཏེ་བྲེལ་བྲེལ་འཚུབ་འཚུབ་དང་བསམ་བློ་མ་བཏང་བར་བྱ་བ་བསྒྲུབས་ཚེ། ཕྲན་ཚེགས་རིང་ལུགས་ཀྱི་གནས་སུ་གྱར་ནས་ངོས་འཛིན་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དཀའ་ཞེས་བསྟན་གནང་བ་རེད།

  
style="display:none;"