མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་04ཉིན། 20:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་9ཚེས་2ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཞབས་ཞུའི་ཚོང་དོན་ནི་རྒྱལ་སྤྱིའི་ཚོང་དོན་གྱི་གྲུབ་ཆ་གལ་ཆེན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་དེར་ནུས་པ་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཡོངས་སུ་ས་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱ་གསལ་ཐོ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་དང་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཚོལ་ཞིབ་ཀྱིས་འཛུགས་སྐྲུན་བྱ་རྒྱུ་དང་། མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་དང་ཀྲུང་གོའི་ལག་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ། ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་པེ་ཅིང་སོགས་ཀྱིས་རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་དང་སྒྲིག་སྲོལ་སྦྲེལ་མཐུད་ཀྱིས་སྔོན་ལ་ལག་ལེན་དང་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་ཚོང་དོན་དཔེ་སྟོན་ཁུལ་གཏོད་རྒྱུ། ཁེ་ལས་འབྲིང་ཆུང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ལེབ་གསུམ་ཁྲོམ་ར་གསར་པའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། པེ་ཅིང་གི་འཛིན་ལོར་ཉོ་ཚོང་ཁང་འཛུགས་པ་བཅས་བྱས་ནས་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་གཡུལ་ས་གཙོ་བོ་བསྐྲུན་རྒྱུ་བཅས་ཡིན།
     ཞི་ཅིན་ཕིང་གིས་ང་ཚོས་ལག་གདང་སྦྲེལ་ནས་རིམས་ནད་སྔོན་འགོག་དང་དུས་ངལ་མཉམ་སེལ་བྱས་ཐོག ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི“གསེར་གྱི་ལྡེ་མིག”སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དང་། རྒྱལ་སྤྱིའི་ཚོང་དོན། མ་འཇོག་བཅས་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་བསྟན་གནང་བ་རེད།
     2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཟླ་9ཚེས་2ནས་7ཉིན་བར་པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“གྲངས་འཛིན་ལ་བརྟེན་ནས་འབྱུང་འགྱུར་གསར་པ་གཏོད། ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་དེ་རེད།     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཞབས་ཞུའི་ཚོང་དོན་ནི་རྒྱལ་སྤྱིའི་ཚོང་དོན་གྱི་གྲུབ་ཆ་གལ་ཆེན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་དེར་ནུས་པ་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཡོངས་སུ་ས་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱ་གསལ་ཐོ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་གསར་གཏོད་དང་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཚོལ་ཞིབ་ཀྱིས་འཛུགས་སྐྲུན་བྱ་རྒྱུ་དང་། མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་དང་ཀྲུང་གོའི་ལག་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ། ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་པེ་ཅིང་སོགས་ཀྱིས་རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་དང་སྒྲིག་སྲོལ་སྦྲེལ་མཐུད་ཀྱིས་སྔོན་ལ་ལག་ལེན་དང་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་ཚོང་དོན་དཔེ་སྟོན་ཁུལ་གཏོད་རྒྱུ། ཁེ་ལས་འབྲིང་ཆུང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ལེབ་གསུམ་ཁྲོམ་ར་གསར་པའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། པེ་ཅིང་གི་འཛིན་ལོར་ཉོ་ཚོང་ཁང་འཛུགས་པ་བཅས་བྱས་ནས་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་གཡུལ་ས་གཙོ་བོ་བསྐྲུན་རྒྱུ་བཅས་ཡིན།
     ཞི་ཅིན་ཕིང་གིས་ང་ཚོས་ལག་གདང་སྦྲེལ་ནས་རིམས་ནད་སྔོན་འགོག་དང་དུས་ངལ་མཉམ་སེལ་བྱས་ཐོག ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི“གསེར་གྱི་ལྡེ་མིག”སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དང་། རྒྱལ་སྤྱིའི་ཚོང་དོན། མ་འཇོག་བཅས་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་བསྟན་གནང་བ་རེད།
     2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཟླ་9ཚེས་2ནས་7ཉིན་བར་པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“གྲངས་འཛིན་ལ་བརྟེན་ནས་འབྱུང་འགྱུར་གསར་པ་གཏོད། ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་དེ་རེད།

ཟླ་9ཚེས་2ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ།
ཟླ་9ཚེས་2ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དང་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ།

style="display:none;"