མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧན་ཀྲེང་གིས་ཧོ་པེར་བརྟག་ཞིབ་གནང་སྐབས། ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དུས་བཅད་ལྟར་གཉེར་ཐུབ་པའི་
འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧན་ཀྲེང་གིས་ཧོ་པེ་ཀྲང་ཅ་ཁོའུ་རུ་བརྟག་ཞིབ་གནང་བ་རེད། ཁོང་གིས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ”བཅས་ཀྱི་འགྲན་ཚོགས་གཉེར་བའི་བླང་བྱར་དམ་པོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དུས་བཅད་ལྟར་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     སྟོན་འགོའི་ཀྲང་ཅ་ཁོའུ་ཐའེ་ཙི་གྲོང་དུ་ནམ་མཁའ་གཡའ་དག་ཅིང་། ཧན་ཀྲེང་གིས་རྒྱལ་ཁབ་མཆོང་སྟེགས་གངས་ཤུད་ལྟེ་གནས་སུ་ཕེབས་ཏེ་གངས་ཤུད་ལྟེ་གནས་འཛུགས་སྐྲུན་དང་། འགྲན་ལམ་ཚད་ལྡན། མཐའ་འཁོར་སྔོ་འགྱུར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འགྲན་ཚོགས་སྒྲིག་འཛུགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྙན་ཞུ་ཡང་གསན་པ་དང་། ཀྲང་ཅ་ཁོའུ་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲོང་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲོང་དུ་ཕེབས་ནས་ཁང་པའི་མཛེས་བཟོ་དང་སྒོ་རའི་མཛེས་ལྗོངས་ཀྱི་བཀོད་པར་ལྟ་ཞིབ་གནང་བ་དང་འབྲེལ་ཨོ་རྩལ་འགྲན་ཚོགས་གྲོང་གི་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ། ཡུན་ཏིང་གངས་ཤུད་སྤྱི་གླིང་བསྐྱར་སྐྲུན་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཉེར་འགན་འཁུར་བའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་གངས་ཤུད་ར་བ་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་པ། ཀྲང་ཅ་ཁོའུ་འགྲན་ཁུལ་འཆར་འགོད་ཀྱི་གནས་སྐབས་འགྲེམས་ཁང་དུ་ཀྲང་ཅ་ཁོའུ་འགྲན་ཁུལ་གྱི་འགྲན་ར་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་སྤྱིའི་འཆར་འགོད་དང་ཁྲུང་ལི་ཆུས་ཀྱི་འབྱུང་འགྱུར་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་སྙན་ཞུ་གསན་པ་རེད། ཧན་ཀྲེང་གིས་དུས་འགོའི་གྲ་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་འགག་རྩའི་དུས་སུ་སླེབས་པས་འཆར་འགོད་ལྟར་འགྲན་ར་དང་ལེ་ལག་ཚང་བའི་སྒྲིག་བཀོད་སྤུས་ཚད་མཐོ་པོའི་ངང་འཛུགས་སྐྲུན་བྱས་ནས་གཉེར་སྐྱོང་དོ་དམ་སྤུས་ལེགས་དང་ཞིབ་ཚགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཐའེ་ཙི་གྲོང་རྗེས་ཤུལ་ནི་ཅིན་རྒྱལ་རབས་དུས་དཀྱིལ་དང་དུས་མཇུག་སྐབས་ཀྱི་ཕོ་བྲང་གི་རྗེས་ཤུལ་ཡིན་པ་དང་ད་བར་ལོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཧན་ཀྲེང་གིས་ཐའེ་ཙི་གྲོང་རྗེས་ཤུལ་སྤྱི་གླིང་དུ་ཕེབས་ཏེ་ཐའེ་ཙི་གྲོང་རྗེས་ཤུལ་སྔོག་འདོན་དང་སྲུང་སྐྱོབ་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས། འགྲན་ཁུལ་གྱི་འགྲན་ར་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རིང་རིག་དངོས་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་གྱི་སྤུས་ཚད་སྔར་བས་གོང་མཐོར་གཏོང་དགོས། གངས་འཁྱགས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་གསར་སྤེལ་ཡག་པོ་བྱེད་པ་དང་། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་པ། སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ཁོར་ཡུག་གཏོད་པ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"