མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཚོགས་ཆེན་སྐབས་32པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་08ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཚོགས་ཆེན་སྐབས་32པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་མཁའ་འགྲུལ་ཚན་རྩལ་ནི་དུས་རབས་20པ་ནས་བཟུང་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཟབ་ཤོས་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་གྲས་ཤིག་རེད། དེང་སྐབས་འཛམ་གླིང་ལ་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། མཁའ་འགྲུལ་ཚན་རྩལ་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་པས། གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཚན་རྩལ་མཉམ་ལས་བྱ་རྒྱུ་ནི་དགོས་གལ་ཧ་ཅང་ཆེ་ཞིང་མདུན་ལམ་ཆེན་པོ་ལྡན་པ་ཞིག་རེད། སྐབས་འདིའི་ཚོགས་ཆེན་གྱིས་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཚོགས་ཆེན་སྐབས་32པ་ཚེས་6ཉིན་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་མཁའ་འགྲུལ་རིག་གཞུང་སློབ་ཚོགས་ཀྱིས་གཉེར་འགན་འཁུར་བ་རེད།

  
style="display:none;"