མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་བཙུགས་པའི་
ཚོགས་ཆེན་དང་2021ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་གླེང་སྟེགས་ལ་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་08ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་བཙུགས་པའི་ཚོགས་ཆེན་དང་2021ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུ་ནི་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པའི་ཐོག་ཁྱབ་བསྒྲགས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། 2030ལོའི་གྲོས་རིམ་ལས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་དམིགས་ཚད་ཁ་གསལ་བཏོན་ཡོད། མིག་སྔར་འཛམ་གླིང་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཆེན་པོ་ཕོག་བཞིན་ཡོད་པ་དང་། ཚན་རྩལ་གསར་གཏོད་དང་གྲངས་གཞི་ཆེ་མོའི་བཀོལ་སྤྱོད་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཁྱད་བསད་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་2030ལོའི་གྲོས་རིམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་ཁག་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྟེགས་དང་ད་ཐེངས་ཀྱི་གླེང་སྟེགས་གང་ལེགས་སྤྱད་དེ་གྲངས་གཞི་ཆེ་མོས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ཐབས་ཇུས་མཉམ་དུ་གྲོས་བསྡུར་བྱས་ནས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་མཉམ་འདོན་གྱིས་2030ལོའི་གྲོས་རིམ་དོན་འཁྱོལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་བཙུགས་པའི་ཚོགས་ཆེན་དང་2021ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་རྒྱལ་སྤྱིའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དེ་ཉིན་པེ་ཅིང་དུ་འཚོགས་པ་རེད།

  
style="display:none;"