མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་18པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཚོང་དོན་དང་མ་འཇོག་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་12ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་18པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཚོང་དོན་དང་མ་འཇོག་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30སོང་རིང་ཕྱོགས་གཉིས་པོའི་ཕྱོགས་མང་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་ཕན་ཚུན་ཚོང་དོན་གྱི་རོགས་ཟླ་ཆེ་ཤོས་སུ་གྱུར་པ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁྱབ་ཁོངས་ཀྱི་གསོན་ཤུགས་ལྡན་ཤོས་ཀྱི་མཉམ་ལས་ལ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རིམས་འགོག་དང་དུས་ངལ་མཉམ་སེལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ལྟ་རེས་སྐྱོང་རེས་དང་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ན་ནིང་ཟླ་11པར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་17པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ངས་དེ་བས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་གྲོས་འགོ་ཁག་བཞི་བཏོན་པ་དེར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་འབྲེལ་ཡོད་ཁྱབ་ཁོངས་ཁག་གི་རྒྱུན་མཐུད་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་འགོག་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན་སྔ་ཙམ་གོ་ཆོད་ནས་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏོད་པ་བཅས་བྱས་ནས་ས་ཁུལ་དེ་གའི་དར་རྒྱས་དང་གོང་འཕེལ་གྱི་དུས་བབ་བཟང་པོ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད།
     ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་18པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཚོང་དོན་དང་མ་འཇོག་དབུ་ཚོགས་དེ་ཉིན་ཀོང་ཤིས་ནན་ཉིང་དུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“སྐམ་མཚོའི་ལམ་བུ་གསར་པ་དང་གོ་སྐབས་གསར་པ་མཉམ་སྤྱོད་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད”ཅེས་པ་དེ་ཡིན་པ་དང་། ཀྲུང་གོ་ཚོང་དོན་པུའུ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་10ཡི་སྲིད་གཞུང་གི་ཚོང་དོན་གཙོ་གཉེར་དོ་དམ་སྡེ་ཚན་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད།

  
style="display:none;"