མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་12ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། འབྲུ་རིགས་ཀྱི་བདེ་འཇགས་ནི་མིའི་རིགས་འཚོ་གནས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་དང་། འབྲུ་རིགས་འཕྲོ་བརླག་ཉུང་གཏོང་ནི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། མིག་སྔར། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་། འབྲུ་རིགས་བདེ་འཇགས་ལ་འགྲན་སློང་འཕྲད་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་གིས་གང་མགྱོགས་བྱ་སྤྱོད་སྤེལ་ནས་འཛམ་གླིང་ཐོག་འབྲུ་རིགས་འཕྲོ་བརླག་ཉུང་དུ་ཏན་ཏིག་གཏོང་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་འཚོག་རྒྱུ་དེ་ཀྲུང་གོ་ཕྱོགས་ཀྱིས་ན་ནིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་ཐོག་གྲོས་འགོ་བཏོན་པ་ཞིག་རེད། ཕྱོགས་ཁག་གིས་ད་ཐེངས་ཀྱི་ཚོགས་ཆེན་གོ་སྐབས་སུ་འཛིན་ནས། ཐུན་མོང་ཐོག་མཉམ་ལས་བྱས་ནས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ་བཀྲེས་ལྟོགས་སུ་གཅིག་ཀྱང་མི་ལུས་པ་དང་དབུལ་པོར་གཅིག་ཀྱང་མི་ལུས་པའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་། འཛམ་གླིང་གི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     དེ་ཉིན་རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་ཧྲན་ཏུང་ཅི་ནན་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“འབྲུ་རིགས་འཕྲོ་བརླག་མི་གཏོང་བར། འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་སྐུལ་འདེད་གཏོང”ཞེས་པ་དེ་ཡིན་ཞིང་། དེ་ནི་ཞིང་ལས་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་རེད།

  
style="display:none;"