མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་12ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་པར་ཐོག་ནས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་འབྲེལ་ཡོད་གནད་དོན་ཐད་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ། རྒྱ་ཁྱབ་བཅས་ཀྱི་སྒོ་ནས་འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་དང་སྤེལ་རེས་གནང་བ་རེད།
     དང་ཐོག་ཞི་ཅིན་ཕིང་གིས་རྒྱ་མཚོའི་རླུང་འཚུབ“ཨའེ་ཏ”ཡིས་ཨ་རིའི་ས་ཆ་མང་པོར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པར་པའེ་ཀྲེན་དང་ཨ་རིའི་མི་དམངས་ལ་སེམས་གསོ་འཚམས་འདྲི་ཞུས་པ་དང་། པེ་ཀྲེན་གྱིས་ཐུགས་རྗེ་ཆེ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། དུས་སྐབས་ཤིག་རིང་ཨ་རིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱིས་ཀྲུང་ཨའི་འབྲེལ་བར་དཀའ་ངལ་ཚབས་ཆེན་བཟོས་ཡོད། དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དང་མཐུན་གྱི་མེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ནི་སོ་སོར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན། ཀྲུང་ཨ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་ཐུབ་མིན་དེ་འཛམ་གླིང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་དུས་རབས་ཀྱི་དྲི་བར་ལན་ཡག་པོ་འདེབས་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ཚང་མར་ཕན་པ་ཐོབ་རྒྱུ་དང་། ཀྲུང་ཨ་ཁ་གཏད་དུ་ལངས་ན་རྒྱལ་ཁབ་གཉིས་དང་འཛམ་གླིང་ཚང་མར་ཆག་སྒོ་ཡོང་སྲིད། ཀྲུང་ཨ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ནི་འབྲེལ་བ་ཡག་པོ་འཛུགས་དགོས་མེད་ཀྱི་གདམ་གའི་དྲི་གཞི་ཞིག་མིན་པར་འབྲེལ་བ་ཡག་པོ་ཇི་ལྟར་འཛུགས་པའི་ལན་རྒྱག་དགོས་ངེས་ཀྱི་དྲི་གཞི་ཞིག་རེད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོའི་གནའ་བོའི་སྙན་ངག་ནང“རི་རྒྱུད་འབྲེལ་ཞིང་ཆུ་རྒྱུན་མང་བས་འགྲོ་ལམ་ཨེ་ཡོད་བསམ་པའི་དུས། རྒྱ་ལྕང་སྟུག་ཅིང་མེ་ཏོག་བཀྲ་བའི་གྲོང་སྡེ་གཞན་ཞིག་ཡོད་པ་མཐོང”ཞེས་འཁོད་པ་ལྟར་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་1971ལོར་ཕྱོགས་གཉིས་པོའི་འབྲེལ་བའི“དར་ཁ་གཤག་པ”ནས་བཟུང་། ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཁག་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་སྤྲད་ཡོད། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་གི་དཀའ་གནད་མང་པོ་འཕྲད་ཡོད་པས། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ངེས་པར་དུ་སྤྱི་ཡོངས་ཀྱི་ལས་དོན་སྒྲུབ་སྟངས་དང་ཕྲག་ཐོག་ཏུ་འགན་སེམས་ཆེན་པོ་ཡོད་པའི་ཐོག་ནས་མུ་མཐུད་མདུན་ཕྱོགས་སུ་ལྟ་བ་དང་མདུན་སྐྱོད་མཐའ་འཁྱོངས་བྱེད་པ་དང་འཐབ་ཇུས་ཀྱི་བློ་སྟོབས་དང་ཆབ་སྲིད་ཀྱི་བློ་ཁོག་འཆང་བཞིན་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གང་མགྱོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཡང་དག་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པའི་སྒོ་ནས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྒྱལ་སྤྱིའི་འགན་འཁྲི་རང་འགུལ་ངང་འཁུར་བཞིན་ཡོད། ཕན་ཚུན་གྱི་ལྟེ་བའི་དོ་ཁུར་ལ་བརྩི་འཇོག་དང་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་མུ་མཐུད་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱས་ནས་གནམ་གཤིས་འགྱུར་ལྡོག་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་སླར་གསོ་བཅས་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་དེ་བས་མང་བ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་བས་མང་བ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
     པའེ་ཀྲེན་གྱིས། འཛམ་གླིང་ལ་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེན་ཞིག་ཡིན། ཨ་ཀྲུང་རྒྱལ་ཁབ་གཉིས་པོ་མཉམ་འགུལ་མཉམ་གནས་ཇི་ལྟར་བྱེད་པ་དེས་ཚད་གཞི་ངེས་ཅན་ཐད་ནས་བརྗོད་ན་འཛམ་གླིང་གི་འབྱུང་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། རྒྱལ་ཁབ་གཉིས་པོས་འགྲན་རྩོད་དབང་གིས་གདོང་གཏུག་བྱེད་པའི་རྒྱུ་མཚན་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་འདོད་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ཀྱི་སྤེལ་རེས་དང་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དེ་བས་མང་བ་བྱས་ཏེ། ཕྱོགས་གཉིས་པོས་མཉམ་ལས་བྱེད་ཆོག་པའི་གཙོ་གནད་དང་སྔོན་ཐོབ་ཁྱབ་ཁོངས་གཏན་འཁེལ་བྱས་ནས་གོ་ནོར་དང་བརྡར་ཤ་གཅོད་ནོར་ཤོར་བ་དང་བསམ་ཚོད་ལས་འདས་པའི་གདོང་གཏུག་མི་ཐོན་པ་བྱས་ཏེ་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་གཏན་གྱི་འགྲོ་ལམ་དུ་བསྐྱར་ལོག་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་གཙོ་བདག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་སྤེལ་རེས་གཏིང་ཟབ་གནང་བ་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡང་དག་ལ་སྣེ་ཁྲིད་བྱེད་པར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། བྱ་ཐབས་སྣ་ཚོགས་བརྒྱུད་རྒྱུན་གཏན་རང་བཞིན་གྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་ལས་དོན་ཐད་ལས་ཀ་གང་ཐུབ་བྱེད་པ་དང་གླེང་མོལ་རྒྱ་ཁྱབ་ཏུ་བྱས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་ཆ་རྐྱེན་བསྐྲུན་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།

  
style="display:none;"