མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཟུར་པ་སང་ཧྥ་གཡོད་སྐུ་གཤེགས་པར་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏི་སོ་སར་
མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཟུར་པ་སང་ཧྥ་གཡོད་སྐུ་གཤེགས་པར་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏི་སོ་སར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད།
     མྱ་ངན་ཞུ་བའི་གློག་འཕྲིན་ནང་། ཞི་ཅིན་ཕིང་གིས་སྐུ་ཞབས་སང་ཧྥ་གཡོད་ནི་ཕོར་ཐིའུ་ཀལ་གྱི་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་ཅན་དང་འགོ་ཁྲིད་མི་སྣ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྙན་གྲགས་ཆེན་པོ་ཡོད། ཁོང་གིས་ཙུང་ཐུང་གི་འགན་བཞེས་རིང་། ཨའོ་མོན་བདེ་བླག་ངང་ཀྲུང་གོའི་པང་དུ་ལོག་ཐུབ་ནས། ཀྲུང་ཕོར་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཁོང་གིས་ཙུང་ཐུང་གི་ལས་གནས་ལས་དགོངས་པ་ཞུས་རྗེས། སྔར་བཞིན་ཀྲུང་ཕོར་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཐུགས་ཁུར་དང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་གནང་གི་ཡོད། ངས་ཀྲུང་ཕོར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་ལྷན་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

  
style="display:none;"