མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཧྲའན་ཤིས་ཤིས་ཨན་དུ་གཟབ་རྒྱས་ངང་འགོ་ཚུགས་པ། ཞི་ཅིན་ཕིང་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་17ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་9ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

ཟླ་9ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
     ཚེས་15ཉིན་གྱི་དགོང་མོ། ཤིས་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་གློག་འོད་ཁྲ་ཆེམ་མེར་འཕྲོས་ཤིང་རྣམ་པ་ཧ་ཅང་འཁྲུག་ཆ་དོད།
     ཆུ་ཚོད་19དང་སྐར་མ་58ཙམ་ལ། སྤྲོ་སྣང་དོད་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་ཞུས་པས། ལུས་རྩལ་ཐང་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
     ཆུ་ཚོད་20ཙམ་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་སྦྲགས། (པར་ངོས་གསུམ་པར་གཟིགས)
     གཟབ་སྦྲེང་རུ་མིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཁྱེར་ནས་གོམ་སྟབས་བརྟན་པོས་ལུས་རྩལ་ཐང་དུ་ཡོང་ཞིང་། ས་གནས་ས་ཐོག་ཏུ་ངར་ཤུགས་ཆེ་བའི《ལུས་རྩལ་པའི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དར་དང་དར་ཆ་འཁྱེར་མཁན་60ལས་གྲུབ་པའི་ཚོགས་དར་རུ་སྟར་གྲུ་བཞི། ཤན་འབྱེད་པའི་འཐུས་མིའི་རུ་སྟར་གྲུ་བཞི་བཅས་ཀྲུའུ་ཞི་སྡིངས་ཆའི་ཕྱོགས་སུ་བསྐྱོད། དེའི་རྗེས་སུ་སྐྱོད་མཁན་ནི་སྙིང་སྟོབས་རབ་ཏུ་འཕེལ་བའི་འཐུས་མི་ཚོགས་པ་37གྱི་ལུས་རྩལ་པའི་འཐུས་མི་ཡིན། ཁོང་ཚོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས་3བཅས་ནས་ཡིན་པ་རེད། ལུས་རྩལ་ཐང་ཡོངས་སུ་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ལ་བརྟེན་ནས་ལུས་རྩལ་པར་བསུ་བ་ཞུས་པ་རེད།
     ལུས་རྩལ་ཐང་དུ་འཛུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཚང་མས་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
     དེ་རྗེས་ཧྲའན་ཤིས་ཞིང་ཆེན་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ཤིས་ཚིག་བསྒྲོན་པ་རེད།
     ཆུ་ཚོད་20དང་སྐར་མ་40ཙམ་ལ། ཞི་ཅིན་ཕིང་གིས་གསུང་སྐད་ཆེན་པོས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་འགོ་འཛུགས་རྒྱུ་ཡིན”ཞེས་ཁྱབ་བསྒྲགས་གནང་མ་ཐག ལུས་རྩལ་ཐང་ཡོངས་ནས་དགའ་འབོད་ཀྱིས་སྒྲ་དང་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས།
     རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཚོགས་གླུའི་འགྱུར་ཁུག་དང་བསྟུན་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དར་དལ་བུར་བསྒྲེངས་པ་རེད།
     ལུས་རྩལ་པ་དབྱང་ཧྲུན་ཧུང་དང་། རྩལ་འཁྲིད་པ་ཁྲེན་རུང་ཞོལ། ཤན་འབྱེད་པ་ཀྲུང་ཧང་ཝེ་བཅས་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་ལུས་རྩལ་པ་དང་། རྩལ་འཁྲིད་པ། ཤན་འབྱེད་པ་བཅས་ཀྱི་ཚབ་ཞུས་ནས་དམ་བཅའ་བཞག་པ་རེད།
     རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཚོགས་གླུ《འབྱུང་འགྱུར་གྱི་རྗེས་སུ་བསྙེགས་ནས་རྡོག་ཐོན་བྱེད》ཅེས་པའི་ཁྲོད་རིག་རྩལ་འཁྲབ་སྟོན《དུས་རབས་གསར་པར་འབད་འཐབ་དང་རྒྱང་སྐྱོད་ལམ་བུ་གསར་པར་འབད་འབུངས》ཞེས་པ་འགོ་ཚུགས་པ་དང་། འཁྲབ་སྟོན་ཧྲིལ་པོ་འགོ་ཚུགས་གླུ་གཞས“མགྲོན་བསུའི་བྲོ་པའི་རུ་ཁག”དང་དེ་བཞིན“མི་རིགས་ཀྱི་རྩ་བ”དང་། “ཡན་ཨན་གྱི་བླ་སྲོག” “ཀྲུང་གོའི་ཕུགས་འདུན”བཅས་ལེ་ཚན་གསུམ་ལས་གྲུབ་ཅིང་། བརྒྱུད་ལམ་སྣ་མང་སྨྱན་སྦྱོར་གྱི་ལག་རྩལ་དང་སྒྲ་འོད་གློག་གསུམ་གྱི་ཐབས་ལམ་ལ་བརྟེན་ནས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི“དམངས་ཡོངས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས། སེམས་པ་གཅིག་ཏུ་བསྒྲིལ་ནས་མཉམ་དུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་ཡོད།
     མི་སེམས་རབ་ཏུ་འགུལ་བའི་འགྲན་རའི་ནང་། དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་ཨ་མར་མེ་སྤོར་བའི་མཛད་སྒོ་འཚོགས་པ་རེད། ཟླ་8ཚེས་16ཉིན་ནས་བཟུང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དཔལ་འབར་ཧྲའན་ཤིས་ཞིང་ཆེན་དུ་རྒྱུན་མཐུད་བརྒྱུད་སྤྲོད་བྱས་མཐར་ཤིས་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འབྱོར། སྐྱེ་བོ་ཀུན་གྱི་དོ་སྣང་འོག་སུའུ་པིང་ཐེན་དང་། ཀྲང་ཡུས་ཧྥེ། ཆིང་ཁའེ། ཀུའོ་ཝུན་ཅུན། མཱ་ལུང་སོགས་དཔལ་འབར་བ་5ཡིས་རྒྱུན་མཐུད་བརྒྱུད་སྤྲོད་བྱས་རྗེས་མཐར་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་ལེན་མཁན་དབྱང་ཆན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཨ་མ་སྤར་བ་རེད།
     ཆུ་ཚོད་21དང་སྐར་མ་35ཙམ་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་དེ་ཉིད་བརྗོད་དོན་གཙོ་བོའི་གླུ་གཞས《མཆོང་སྐྱོད》ཅེས་པའི་འཁྲུག་ཆ་དོད་པའི་རྣམ་པའི་ཁྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
     ཚེས་15ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲའན་ཤིས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་འཐུས་མི། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་ཚོར་འབད་འབུངས་ཡར་བརྩོན་དང་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
     རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཟླ་9ཚེས་27ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཁྱོན་ལུས་རྩལ་པ་ཁྲི་1.2ལྷག་ཙམ་རྩལ་འགྲན་འགྲན་བསྡུར་ནང་ཞུགས་རྒྱུ་དང་མང་ཚོགས་ལུས་རྩལ་པ་ཁྲི་1ལྷག་ཙམ་མང་ཚོགས་འགྲན་བསྡུར་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་རེད།

ཟླ་9ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་འཐུས་མི། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་སྦྲགས་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཟླ་9ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་འཐུས་མི། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་སྦྲགས་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

  
style="display:none;"