མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མོ་ཞི་ཁོའི་རང་བཙན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་200འཁོར་བར། ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིར་གློག་འཕྲིན་བཏང་སྟེ་མོ་ཞི་ཁོའི་རང་བཙན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་200འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། མོ་ཞི་ཁོ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་རེད། འཕེལ་རྒྱས་གཏོང་རིང་མོ་ཞི་ཁོ་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས་བསྐྱོད་པར། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་བསུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། མིག་སྔར་ཙུང་ཐུང་སྐུ་ཞབས་ཁྱེད་ཀྱིས་འཕེལ་རྒྱས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཉིད་ཀྱི་རྒྱལ་ཁབ་ལ་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཁྲོད་དེ་བས་ཆེ་བའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་མོ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཏུ་ལྡན་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མདུན་དུ། ཀྲུང་མོ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཁྱེད་དང་མཉམ་དུ་འབད་བརྩོན་གྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་ཡོད།

  
style="display:none;"