མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་མཉམ་འབྲེལ་དབུ་ཚོགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་19ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་9ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་མཉམ་འབྲེལ་དབུ་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

འདི་ནི་ཟླ་9ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་མཉམ་འབྲེལ་དབུ་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་མཉམ་འབྲེལ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས། ཉེ་དུས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་ནས་རྒྱལ་སྤྱིའི་དུས་བབ་དང་། ས་ཁུལ་གྱི་གནས་སྟངས། བདེ་འཇགས་བརྟན་ལྷིང་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་ལ་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། རྒྱུན་གཏན་གྱི་སྒྲིག་ལམ་གང་མགྱོགས་སླར་གསོ་དང་དུས་བབ་བརྟན་ལྷིང་ཡོང་བ་བྱ་རྒྱུ་ནི་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཡོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཀྱང་དེར་དོ་ཁུར་ཆེན་པོ་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཚང་མ་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་ལ་བདེ་འཇགས་གཅིག་མཐུན་འདུས་གྲུབ་ཀྱང་ཡིན། དེར་བརྟེན་འགག་རྩའི་དུས་སྐབས་སུ་ཐུན་མོང་ཐོག་ནུས་པ་འདོན་སྤེལ་བྱས་ནས་གསེར་ལས་ཀྱང་རྩ་ཆེ་བའི་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། རྒྱལ་ཁབ་གཅིག་གི་བྱ་བ་ཡིན་ཕྱིན་རྒྱལ་ཁབ་དེ་རང་གི་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་དང་རྒྱལ་སྤྱིའི་ཐོག་གི་བྱ་བ་ཡིན་ཕྱིན་ཚང་མས་གྲོས་བསྡུར་བྱས་ནས་སྒྲུབ་དགོས། ང་ཚོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག“ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུ་ཀ་ནི་སི་ཐན་བར་དབང་བའི”གཞི་རྩའི་རྩ་དོན་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་རང་རྟེན་ངང་སྟངས་འཛིན་བྱེད་དུ་འཇུག་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་རྩ་འཛུགས་གཉིས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དམིགས་བསལ་ལེགས་ཆ་དང་རང་ངོས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཆབ་སྲིད་ཐོག་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཟང་ཟིང་བཀག་འགོག་དང་བརྟན་ལྷིང་སླར་གསོ་ཡོང་བར་སྐུལ་འདེད་བཏང་ནས། ཞི་བདེ་བསྐྱར་སྐྲུན་གྱི་ལམ་བུའི་ཐོག་བསྐྱོད་ནས་མཐར་ས་ཁུལ་དེ་གར་ཡོངས་ཁྱབ་བདེ་འཇགས་དང་། ཐུན་མོང་བདེ་འཇགས། མཉམ་ལས་བདེ་འཇགས། རྒྱུན་སྲིང་བདེ་འཇགས་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་བསམ་འཆར་དང་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ།
     གཅིག ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་གང་མགྱོགས་བརྟན་པོའི་ངང་བར་བརྒལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཨ་ཧྥུ་ཀ་ནི་སི་ཐན་ས་ཁོངས་ནང་གི་ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་བསྟུན་མཁས་རང་བཞིན་གྱི་ཆབ་སྲིད་བཀོད་སྒྲིག་སྔ་ཙམ་བྱེད་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཨ་ཧྥུ་ཀ་ནི་སི་ཐན་ས་ཁོངས་ནང་གི་འཇིགས་སྐུལ་རྩ་འཛུགས་ཀྱི་འགུལ་ཕྱོགས་ལ་མུ་མཐུད་དོ་ཁུར་བྱས་ཏེ། ཨ་ཧྥུ་ཀ་ནི་སི་ཐན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་དེར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་རྩ་ལག་མཉམ་བཅོས་ཀྱི་བྱ་ཐབས་སྤྱད་དེ་རྩ་མེད་བཏང་ནས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཡོད་པའི་འཇིགས་སྐུལ་ཕྱོགས་གཏོགས་ཀྱིས་གང་སར་ཆག་སྒོ་སློང་རྒྱུ་བཀག་འགོག་བྱེད་དགོས།
     གཉིས། ཨ་ཧྥུ་ཀ་ནི་སི་ཐན་དང་འབྲེལ་གཏུག་གླེང་མོལ་བྱེད་དགོས་ཤིང་། དཔྱོད་ཤེས་དངོས་སྒྲུབ་ནས་འགོ་བརྩམས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱོགས་ཁག་དང་ཕན་ཚུན་མཉམ་འགུལ་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་དབང་གི་སྒྲོམ་གཞི་གསར་པ་དེ་བས་སྒོ་དབྱེ་དང་བསྟུན་མཁས་ཡོང་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། ཞི་འཇམ་དང་བརྟན་ལྷིང་གི་ཕྱི་ནང་གི་སྲིད་ཇུས་ལག་ལེན་བསྟར་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལྷག་པར་དུ་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་ཡོང་བར་བྱེད་དགོས།
     གསུམ། ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་དཀའ་གནད་ལས་སྒྲོལ་རོགས་བྱེད་དགོས་ཤིང་། ཨ་ཧྥུ་ཀ་ནི་སི་ཐན་ལ་དུས་ཐོག་ཏུ་མི་ཆོས་རིང་ལུགས་དང་རིམས་འགོག་གི་རྒྱབ་སྐྱོར་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ལ་དཀའ་ངལ་སེལ་རོགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཛ་དྲག་གི་རོགས་སྐྱོབ་དངོས་ཟོག་ཁག་གཅིག་གང་མགྱོགས་འདྲེན་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། མུ་མཐུད་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་ཡང་དེ་བས་མང་བ་བྱ་རྒྱུ་ཡིན། ཨ་ཧྥུ་ཀ་ནི་སི་ཐན་ལ་དཀའ་ངལ་བཟོ་མཁན་རྒྱལ་ཁབ་ཁག་གཅིག་གིས་སྔར་སོང་གི་བསླབ་བྱ་དེ་བས་དང་ལེན་བྱས་ཏེ། ཨ་ཧྥུ་ཀ་ནི་སི་ཐན་གྱི་འབྱུང་འགྱུར་འཕེལ་རྒྱས་ཐད་འཁུར་དགོས་ངེས་ཀྱི་འགན་འཁྲི་འཁུར་དགོས།
     མཇུག་ཏུ། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཁུལ་དེ་གའི་རྒྱུན་སྲིང་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའོ་ཡེ་ཧྥུའུ། ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ། དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་བཅས་ཚོགས་འདུར་ཞུགས་པ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་རྒྱ་གར་གྱི་ཙུང་ལི་མུའོ་ཏི་བརྙན་ལམ་ཐོག་ནས་དབུ་ཚོགས་ལ་ཞུགས་པ་རེད།

  
style="display:none;"