མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཐེ་ཧྥེ་ལི་ཁ་སྐུ་གཤེགས་པར་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པེན་ལ་
མྱ་ངན་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་22ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཐེ་ཧྥེ་ལི་ཁ་སྐུ་གཤེགས་པར་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པེན་ལ་མྱ་ངན་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གི་མྱ་ངན་གློག་འཕྲིན་ནང་། སྐུ་ཞབས་པུའུ་ཐེ་ཧྥེ་ལི་ཁ་ནི་ཨར་ཅི་རི་ཡ་དང་། ཨ་རབ་འཛམ་གླིང་། ཨ་ཧྥེ་རི་ཁ་བཅས་ཀྱི་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་ཅན་དང་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་འགོ་ཁྲིད་མི་སྣ་ཞིག་རེད། དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་གིས་ཙུང་ཐུང་གི་འགན་བཞེས་རིང་། ཀྲུང་གོ་དང་ཨར་ཅི་རི་ཡའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ཟབ་ཏུ་བཏང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་བཏང་ཡོད། ཁོང་སྐུ་གཤེགས་པ་དེ་ཀྲུང་གོའི་མི་དམངས་ཀྱི་ངོས་ནས་བརྗོད་ན་གྲོགས་པོ་རྙིང་པ་ཞིག་མེད་པར་གྱུར་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་བརྩི་མཐོང་བྱས་ཏེ་ཨར་ཅི་རི་ཡ་སྲིད་གཞུང་དང་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། ཀྲུང་ཨར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"