མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བརྙན་ལམ་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་26ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་9ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བརྙན་ལམ་ནས་རྟེན་འབྲེལ་ཞུས་གནང་བ།

འདི་ནི་ཟླ་9ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བརྙན་ལམ་ནས་རྟེན་འབྲེལ་ཞུས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བརྙན་ལམ་ནས་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་སུ་འགྲོ་བ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་རྒྱ་ཆེ་ལ་གཏིང་ཟབ་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོར་འགྲན་རྩོད་དྲག་པོ་འཕྲད་པས། འཛམ་གླིང་རྒྱལ་ཁབ་ཁག་གིས་ཚན་རྩལ་གྱི་སྒོ་འབྱེད་མཉམ་ལས་བྱེད་ཤུགས་དེ་བས་ཀྱང་ཆེ་རུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་ལམ་དང་བྱེད་ཐབས་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཏེ། དུས་རབས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་དུ་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བར། ངེས་པར་དུ་གོ་ལ་ཧྲིལ་པོར་ལྟ་བའི་མིག་རྒྱང་ཡོད་པར་བྱས་ཏེ། དུས་རབས་ཀྱི་སྣང་ཚུལ་ཁོང་དུ་ཆུད་པ་བྱེད་དགོས་ལ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བས་བཏོན་པའི་བླང་བྱ་གསར་པར་ཡང་དམ་པོར་དམིགས་དགོས། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་རོགས་ལས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་བཞིན་ཡོད། སླད་ཕྱིན་དེ་བས་སྒོ་དབྱེའི་རྣམ་འགྱུར་གྱི་ཐོག་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་ལ་བརྟེན་ནས་དྲ་རྒྱ་འཛུགས་གཏོད་བྱེད་པའི་ནང་ཧུར་ཐག་ཞུགས་པ། རྨང་གཞིའི་ཞིབ་འཇུག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ལ་བརྟེན་ནས་སྐྱེ་ཁམས་རྩེ་གྲ་གཏོད་པ། ཚན་རྩལ་ཡར་སྐུལ་གྱི་འདུ་ཤེས་གཏོད་པ། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཤུགས་དེ་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཀོན་ཚུན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་དང་པོ་དང་། ཀྲུང་ཀོན་ཚུན་གླེང་སྟེགས་ནི་གོ་ལ་ཧྲིལ་པོར་ཕྱོགས་པའི་ཚན་རྩལ་གསར་གཏོད་དང་སྤེལ་རེས་མཉམ་ལས་ཀྱི་རྒྱལ་ཁབ་རིམ་པའི་ལས་སྟེགས་ཤིག་ཡིན། ཀྲུང་གོས་ཀྲུང་ཀོན་ཚུན་དུ་རེས་སྐོར་གསར་པའི་གཞན་གྱི་སྔོན་ལ་ཚོད་ལྟ་དང་སྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་འཛུགས་སྐྲུན་མགྱོགས་པོ་བྱས་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་དེ་ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“བློ་གྲོས·བདེ་ཐང·ཐཱན་ཚད་སྙོམ་སྦྱོར”ཡིན་པ་དང་། དེ་ཉིད་ཚན་རིག་ལག་རྩལ་པུའུ་དང་། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།

  
style="display:none;"