མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ལི་ལུན་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཀྲུའུ་ལི་ལུན་གྱིས་ཞི་ཅིན་ཕིང་ལ་འཕྲིན་ལན་བཏང་ནས་ཐུགས་རྗེ་ཆེ་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ལི་ལུན་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་འདས་ཟིན་པའི་དུས་སྐབས་ཤིག་རིང་ཏང་གཉིས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་མཉམ་འགུལ་ཡག་པོ་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པར་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་གྲུབ་འབྲས་ཐོབ་ཡོད། ཏང་གཉིས་ཀྱིས་མཐོ་འཛེགས་རྒྱང་ལྟ་དང་། ཐུན་མོང་གི་ཆབ་སྲིད་རྨང་གཞི་མཐའ་འཁྱོངས། མི་རིགས་ཀྱི་བདེན་དོན་བརྟན་སྲུང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤུན་ཟླར་བདེ་རྩ་སྐྲུན་པ་དང་། ཐའེ་དབན་མཚོ་འགག་གི་ཞི་བདེ་དོན་གཉེར། རྒྱལ་ཁབ་ཀྱི་ཆེད་དུ་གཅིག་གྱུར་དོན་གཉེར། མི་རིགས་བསྐྱར་དར་དོན་གཉེར་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
     ཉིན་དེར་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱིས་འཕྲིན་ལན་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ངོགས་གཉིས་ཀྱི་མི་དམངས་ནི་ཡན་ཧོང་གི་བུ་རྒྱུད་ཡིན་པས། སླད་ཕྱིན་ཏང་གཉིས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་ཐོག་ཕན་ཚུན་ཡིད་ཆེས་དང་མཉམ་འདྲེས་ཟབ་ཏུ་གཏོང་བ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ངོགས་གཉིས་ཀྱི་དམངས་ཚོགས་ལ་ཐུན་མོང་ཐོག་བདེ་སྐྱིད་སྐྲུན་པ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་པ་རེད།

  
style="display:none;"