མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨུ་རུ་སུའི་གནམ་གྲུར་ལས་འཛོལ་ཐོན་པའི་ཐད་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་གནམ་གྲུར་ལས་འཛོལ་ཐོན་པའི་ཐད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཁྱེད་རྣམ་པའི་རྒྱལ་ཁབ་ཀྱི་གནམ་གྲུ་ཏ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་ལས་འཛོལ་ཐོན་ནས་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བ་ཤེས་བྱུང་། དེའི་ཐད་ངས་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ལ། ཁོང་ཚོའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  
style="display:none;"