མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒན་རྒོན་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་15ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཞི་ཅིན་ཕིང་གིས་རྒན་རྒོན་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། མི་འབོར་རྒན་རྒོན་མང་པོར་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་རྒན་རྒོན་ཚོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་ཚེ་མཇུག་བདེ་ལ་རོལ་དུ་འཇུག་དགོས་པའི་ནན་བཤད་གནང་བ།
དགུ་པའི་ཚེས་དགུའི་དུས་ཆེན་འཆར་ཉེའི་སྐབས་རྒྱལ་ཡོངས་ཀྱི་རྒན་རྒོན་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་དགུ་པའི་ཚེས་དགུའི་དུས་ཆེན་འཆར་ཉེའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒན་རྒོན་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོ་ནད་མེད་ཚེ་རིང་ཡོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
    ཞི་ཅིན་ཕིང་གིས་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ། ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་མི་འབོར་རྒན་རྒོན་མང་པོར་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། དགེ་མཚན་ལྡན་པའི་རྒན་རྒོན་མང་བའི་ལྟ་བ་དང་སྐྱོན་བྲལ་གྱི་རྒན་རྒོན་མང་བའི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ལམ་ལུགས་གསར་གཏོད་དང་། སྲིད་ཇུས་མཁོ་སྤྲོད། ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་བཅས་ཆེ་རུ་གཏོང་བ། རྒན་རྒོན་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་དང་། རྒན་གསོའི་ཞབས་ཞུའི་མ་ལག བདེ་ཐང་འདེགས་སྐྱོར་མ་ལག་བཅས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་རྒན་རྒོན་ལ་བསྙེན་བཀུར་དང་། བྱམས་སྐྱོང་། བརྩི་བཀུར་བཅས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒན་རྒོན་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་པ། རྒན་རྒོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་རྒན་རྒོན་ཚོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་ཚེ་མཇུག་བདེ་ལ་རོལ་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"