མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་ཚོགས་ཆེན་སྐབས་
གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་16ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་10ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་ལམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་ཚོགས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《འཛམ་གླིང་དང་གྲོགས་པོ་སྒྲིག དུས་རབས་དང་ཕན་ཚུན་འབྲེལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

     ■ སྒོ་དབྱེའི་མཉམ་འགུལ་མཐའ་འཁྱོངས་དང་། ཐུན་མོང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་དང་། ཚོང་དོན་མ་འཇོག་བདེ་བགྲོད། ཤེས་དཔལ་མཉམ་འདྲེས་སྤེལ་རེས་བཅས་ཀྱི་ལེའུ་གསར་པ་རྩོམ་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་ལམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་ཚོགས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《འཛམ་གླིང་དང་གྲོགས་པོ་སྒྲིག དུས་རབས་དང་ཕན་ཚུན་འབྲེལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། འགྲིམ་འགྲུལ་ནི་དཔལ་འབྱོར་གྱི་ཁྲག་རྩ་དང་ཤེས་དཔལ་གྱི་འབྲེལ་ཐག་ཅིག་རེད།
     གནའ་བོའི་དར་གོས་ལམ་བུའི་རྔ་དྲིལ་དང་གྲུ་གཡོར་ནས་མཚོ་འགྲུལ་དུས་རབས་ཀྱི་རླུང་བརྟེན་རླབས་གཤགས་བར་དང་། དེ་ནས་དེང་རབས་ཀྱི་འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བདེ་བའི་བར། འགྲིམ་འགྲུལ་ལས་དཔལ་འབྱོར་རྒྱུན་འཁོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་ཐེབས་ནས་འཛམ་གླིང་འདི་ཉིད་དམ་པོར་འབྲེལ་བའི“སའི་གོ་ལའི་གྲོང་ཚོ”ཞིག་ཏུ་གྱུར་ཡོད། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འཁེལ་གྱི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་འགྲན་སློང་ཚབས་ཆེན་འཕྲད་ཡོད། ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་དང་། ཚོང་དོན་མ་འཇོག་བདེ་བགྲོད། ཤེས་དཔལ་མཉམ་འདྲེས་སྤེལ་རེས་བཅས་ཀྱི་ལེའུ་གསར་པ་རྩོམ་དགོས།
     གཅིག་ནས། སྒོ་དབྱེའི་མཉམ་འགུལ་མཐའ་འཁྱོངས་བྱས་ནས་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་ཤིང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཁྱད་གསོད་རང་བཞིན་དང་ཟུར་འབུད་རང་བཞིན་གྱི་སྒྲིག་སྲོལ་དང་མ་ལག་མི་བཟོ་བར་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་མཉམ། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི“ཕྱིའི་འབྲེལ་མཐུད”དང་ལམ་ལུགས་དང་སྒྲིག་སྲོལ་གྱི“ནང་གི་འབྲེལ་མཐུད”ལ་ཤུགས་སྣོན་བརྒྱབ་ནས་སྐམ་ས་དང་། མཚོ་ཐོག བར་སྣང་། དྲ་བ་བཅས“ཕྱོགས་བཞི་གཞི་གཅིག”ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས།
     གཉིས་ནས། ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲང་གཞག་དང་ཀུན་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་འགྲོ་བ་ནི་གཞི་ནས་འཕེལ་རྒྱས་ངོ་མ་ཡིན་པ་དང་། ཚང་མ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་ནི་གཞི་ནས་ཕྱུག་པོ་ངོ་མ་རེད། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ན། གཞི་ནས་མིའི་རིགས་ཐུན་མོང་འཕེལ་རྒྱས་འགྲོ་བར་དེ་བས་ཡངས་པའི་མདུན་ལམ་གཏོད་ཐུབ། འགྲིམ་འགྲུལ་སྔོན་ལ་འཇོག་པའི་ནུས་པ་འདོན་སྤེལ་བྱས་ཏེ་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་ཐད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་དམངས་འཚོ་འགྲོ་ལམ་གྱི་རྐྱེན་པས་དར་རྒྱས་ཡོང་བར་བྱེད་དགོས། ལྷོ་བྱང་མཉམ་ལས་དང་ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དར་རྒྱས་གཏན་ནས་མེད་པའི་རྒྱལ་ཁབ་དང་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱས་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
     གསུམ་ནས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས་ཤིང་། རིག་ལྡན་འགྲིམ་འགྲུལ་དང་རིག་ལྡན་ཟོག་འགྲེམས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲངས་གཞི་ཆེ་མོ་དང་། དྲ་སྦྲེལ། མི་ཐབས་རིག་ནུས། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་གསར་པ་དང་འགྲིམ་འགྲུལ་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མི་རྣམས་བདེ་བགྲོད་དང་དངོས་ཟོག་ཅི་དགར་དབོར་འདྲེན་ཐུབ་པ་བྱེད་དགོས།
     བཞི་ནས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་ཐཱན་ཉུང་མངོན་འགྱུར་ཡོང་བ་བྱེད་དགོས་ཤིང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བའི་ཕུགས་འཕེར་གྱི་ཐབས་ཇུས་ཤིག་ཡིན། ལྗང་མདོག་ཐཱན་ཉུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་གང་མགྱོགས་ཆགས་པ་བྱས་ནས་ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གསར་པ་དང་། རིག་ནུས་ཅན། གྲངས་གཞི་ཅན། ཡང་ཞིང་སྟབས་བསྡུས་ཅན་བཅས་ཀྱི་འགྲིམ་འགྲུལ་སྒྲིག་ཆས་ཁྱབ་གདལ་གཏོང་བ། ལྗང་མདོག་ཕྱིར་སྐྱོད་ལ་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་འགྲིམ་འགྲུལ་ལས་ཁོར་ཡུག་ལ་དེ་བས་སྲུང་སྐྱོང་དང་ཕྱིར་སྐྱོད་དེ་བས་ཐཱན་ཉུང་ཡོང་བ་བྱེད་དགོས།
     ལྔ་ནས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་བྱེད་པ་དང་། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་དམིགས་ནས་དབུལ་པོ་ཉུང་གཏོང་དང་། འཕྲོད་བསྟེན། འགྲིམ་འགྲུལ་ཟོག་འགྲེམས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གིས་ཀྲུང་གོ་ཕྱོགས་ནས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་གསར་གཏོད་དང་ཤེས་བྱའི་ལྟེ་གནས་བཙུགས་ནས། གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།

ཟླ་10ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་ལམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་ཚོགས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《འཛམ་གླིང་དང་གྲོགས་པོ་སྒྲིག དུས་རབས་དང་ཕན་ཚུན་འབྲེལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།
ཟླ་10ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་ལམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་ཚོགས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《འཛམ་གླིང་དང་གྲོགས་པོ་སྒྲིག དུས་རབས་དང་ཕན་ཚུན་འབྲེལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

style="display:none;"