མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱང་ཧྲའོ་རིག་གནས་གསར་རྙེད་བྱུང་བ་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་དབྱང་ཧྲའོ་རིག་གནས་གསར་རྙེད་བྱུང་བ་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། སྒམ་ནན་བདེན་འཚོལ་དང་། དཀའ་སྤྱད་འབད་བརྩོན། ལས་བཀུར་ལེགས་སྐྱེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་སྣང་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ།
     རྟེན་འབྲེལ་འཕྲིན་ཡིག
     དབྱང་ཧྲའོ་རིག་གནས་གསར་རྙེད་བྱུང་བ་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བའི་སྐབས་འདིར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     ལོ་ངོ་100ཡི་རིང་གནའ་རྫས་རྟོག་ཞིབ་པ་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་ལས་སྒྲུབ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་གནའ་རྫས་རྟོག་ཞིབ་ལ་གསར་རྙེད་གལ་ཆེན་རབ་དང་རིམ་པ་བྱུང་ནས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་ཁྲག་རྩ། འོད་སྟོང་འཕྲོ་བའི་གྲུབ་འབྲས། འཛམ་གླིང་གི་ཤེས་དཔལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་མངོན་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭ་ཡི་ཤེས་དཔལ་ལ་དེ་བས་ལེགས་པའི་སྒོ་ནས་ངོས་འཛིན་བྱ་ཆེད་ནུས་པ་གལ་ཆེན་ཡང་བཏོན་ཡོད།
     རྒྱ་ཆེའི་གནའ་རྫས་རྟོག་ཞིབ་ལས་དོན་པས་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྒམ་ནན་བདེན་འཚོལ་དང་། དཀའ་སྤྱད་འབད་བརྩོན། ལས་བཀུར་ལེགས་སྐྱེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་མུ་མཐུད་དུ་ཤེས་རྟོགས་མ་བྱུང་བའི་རིགས་འཚོལ་ཞིབ་དང་གཞི་ཁུངས་གསལ་སྟོན་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་སྣང་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ཉམས་བཟང་སྟོན་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་ནས། 2021ལོའི་ཟླ་10ཚེས་17ཉིན། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་འབྱོར་པའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། དབྱང་ཧྲའོ་རིག་གནས་གསར་རྙེད་བྱུང་བ་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་སྟེ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་པར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས། ལོ་ངོ་100ཡི་རིང་གནའ་རྫས་རྟོག་ཞིབ་པ་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་ལས་སྒྲུབ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་གནའ་རྫས་རྟོག་ཞིབ་ལ་གསར་རྙེད་གལ་ཆེན་རབ་དང་རིམ་པ་བྱུང་ནས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་ཁྲག་རྩ། འོད་སྟོང་འཕྲོ་བའི་གྲུབ་འབྲས། འཛམ་གླིང་གི་ཤེས་དཔལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་མངོན་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭ་ཡི་ཤེས་དཔལ་ལ་དེ་བས་ལེགས་པའི་སྒོ་ནས་ངོས་འཛིན་བྱ་ཆེད་ནུས་པ་གལ་ཆེན་ཡང་བཏོན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། རྒྱ་ཆེའི་གནའ་རྫས་རྟོག་ཞིབ་ལས་དོན་པས་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཟབ་ཏུ་བཏང་ནས་སྒམ་ནན་བདེན་འཚོལ་དང་། དཀའ་སྤྱད་འབད་བརྩོན། ལས་བཀུར་ལེགས་སྐྱེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་མུ་མཐུད་ཤེས་རྟོགས་མ་བྱུང་བའི་རིགས་འཚོལ་ཞིབ་དང་གཞི་ཁུངས་གསལ་སྟོན་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་སྣང་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ཉམས་བཟང་སྟོན་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
     ཚེས་17ཉིན་དབྱང་ཧྲའོ་རིག་གནས་གསར་རྙེད་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོ་སྤྱི་ཚོཌ་ཚན་རིག་ཁང་དང་། རྒྱལ་ཁབ་རིག་དངོས་ཅུས། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད། 1921ལོའི་ཟླ་10པར། ཧོ་ནན་ཞིང་ཆེན་ཧྲིན་ཁྲི་རྫོང་གི་དབྱང་ཧྲའོ་གནའ་ཤུལ་སྔོག་འདོན་བྱས་པ་ནས་བཟུང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པའི་འགོ་བརྩམས་པ་རེད།

  
style="display:none;"