མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་24ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་10ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད།

ཟླ་10ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཏན་ཏན་ཏིག་ཏིག དཀའ་སྤྱད་འབད་འཐབ། སྙིང་རུས་གཏན་འཁྱོངས་བཅས་ཀྱི་ཐོག་ནས་རྨ་ཆུས་ཀྲུང་ཧྭའི་མི་རིགས་ལ་ནམ་ཡང་ཕན་བདེ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ།
   ཧན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།
    ■ མིག་སྔའི་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཏན་ཏན་ཏིག་ཏིག དཀའ་སྤྱད་འབད་འཐབ། སྙིང་རུས་གཏན་འཁྱོངས་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་འགན་ལེན་བྱས་ཏེ་རྨ་ཆུས་ཀྲུང་ཧྭ་མི་རིགས་ལ་ནམ་ཡང་ཕན་བདེ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
    ■ ཏང་ཀྲུང་དབྱང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ཚུན། ང་ཚོས་རྨ་ཆུ་རྒྱུག་ཁུལ་དུ་ཐོན་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ལས་དོན་འབོར་ཆེན་སྤེལ་བ་སྟེ། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་གི“གདུང་བཞི་ཀ་བརྒྱད”བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱས་པ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་བྱུང་ཡོད། དེ་དང་ཆབས་ཅིག་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ད་དུང་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་འགའ་ཞིག་གནས་ཡོད་པ་མཐོང་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཡང་འབད་བསྐྱར་འབད་ཀྱིས་བློ་བརྟན་འགྱུར་མེད་ངང་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
   ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་མིག་སྔའི་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཏན་ཏན་ཏིག་ཏིག དཀའ་སྤྱད་འབད་འཐབ། སྙིང་རུས་གཏན་འཁྱོངས་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་འགན་ལེན་བྱས་ཏེ་རྨ་ཆུས་ཀྲུང་ཧྭ་མི་རིགས་ལ་ནམ་ཡང་ཕན་བདེ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་དང་། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་། ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཀན་ཅེ། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ལུའུ་ཧའོ། སྐྱེ་ཁམས་ཁོར་ཡུག་པུའི་ཏང་ཙུའི་ཧྲུའུ་ཅི་སུན་ཅིང་ལུང་། ཆུ་བེད་པུའི་པུའུ་ཀྲང་ལི་གོ་དབྱིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བ་དང་། བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གི་གཏམ་བཤད་ཕུལ་བ་རེད།
    ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ཚུན། ང་ཚོས་རྨ་ཆུ་རྒྱུག་ཁུལ་དུ་ཐོན་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ལས་དོན་འབོར་ཆེན་སྤེལ་བ་སྟེ། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་གི“གདུང་བཞི་ཀ་བརྒྱད”བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱས་པ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་བྱུང་ཡོད། དེ་དང་ཆབས་ཅིག་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ད་དུང་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་འགའ་ཞིག་གནས་ཡོད་པ་མཐོང་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཡང་འབད་བསྐྱར་འབད་ཀྱིས་བློ་བརྟན་འགྱུར་མེད་ངང་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་པ་སྟེ། གཅིག་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་མཐའ་འཁྱོངས་བྱས་ཏེ་སྲུང་སྐྱོང་དང་གོང་འཕེལ་གྱི་འབྲེལ་བར་སྟངས་འཛིན་གནད་འཁེལ་བྱེད་དགོས་ཤིང་། སྲུང་སྐྱོང་ཆེན་པོ་བྱ་རྒྱུ་དེ་འགག་རྩའི་ལས་འགན་ལ་བརྩིས་ཏེ་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་དང་། ཆུ་གྲོན་ཆུང་དང་ཚོད་འཛིན་གཏིང་ཟབ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་གཏོང་དགོས། རྨ་ཆུའི་རྒྱུད་ཀྱི་གསར་སྤེལ་འཛུགས་སྐྲུན་ཐད་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་འདིར་ངེས་པར་དུ་བརྩི་སྲུང་ཞུ་བ་དང་ཐོན་ཁུངས་དང་ལྷག་པར་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚད་བཀག་ངེས་པར་དུ་ནན་པོ་བསྲུངས་ཏེ་སྟོབས་ནུས་གཉིས་ལྡན་གྱི་གཅུན་འདོམས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། གཉིས་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ཏེ་ཉེན་ཁ་འགོག་ནུས་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས་ཤིང་། ཆུའི་བདེ་འཇགས་དང་ཉེན་ཁར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་གྲོན་ཆུང་སྒོ་ནས་ཆུ་སྤྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་སོང་བའི་རྙོག་འཛིང་ཆེ་ལ་ཤུགས་དྲག་ཆེ་བའི་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བདེ་འཇགས་ཀྱི་ངོས་ནས་ཁ་གཏད་ཧུར་ཐག་གཅོག་པ། གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་དགོས། གསུམ་ནས་འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་བཏང་ནས་བརྒྱུད་རིམ་ལྡན་པའི་ལྟ་བ་དེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ཤིང་། སྤྱི་ཡོངས་དང་ཆ་ཤས་དབར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ་དང་མིག་མངས་འགྲིག་སྐོར་གཅིག་གི་འདུ་ཤེས་ཟབ་ཏུ་བཏང་ནས་གནད་དོན་གལ་ཆེན་ཐད་སྤྱི་ཡོངས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས། མིག་སྔ་དང་ཕུགས་དབར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ནས་ཕུགས་ལ་དམིགས་ཏེ་ཞིབ་འཇུག་ནན་ཏན་བྱེད་པ་དང་མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པ་དང་འཕྲལ་དུ་ལེགས་སྒྲུབ་ཡོང་རེ་བྱེད་པའི་བསམ་བློ་ཁྱད་བསད་བྱེད་དགོས། བཞི་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རྨ་ཆུ་རྒྱུག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་། མཁོ་དང་སྤྲོད་སྣེ་གཉིས་ནས་དམ་འཛིན་བྱས་ཏེ་ནུས་རྒྱུ་ཟད་གྲོན་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “མཐོ་གཉིས”རྣམ་གྲངས་རྨོངས་ཚོད་ཀྱིས་ལག་བསྟར་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་པ། ནུས་རྒྱུ་ཐོན་སྐྱེད་ཀྱི་གྲུབ་ཆ་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་བྱ་རྒྱུར་དམ་འཛིན་བཅས་བྱས་ནས་ཐཱན་འབུད་ཚད་མང་ཞིང་རྗེས་ལུས་ཐེབས་པའི་ཐོན་ནུས་དང་ཐོན་སྐྱེད་བཟོ་རྩལ་འདོར་དགོས། རྡོ་སོལ་དང་གློག་ཤུགས་མཁོ་འདོན་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། 
    ཞི་ཅིན་ཕིང་གིས། “ལོ་ལྔ་ཚན་བཅུ་བཞི་པ”ནི་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས་ལས་འགན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རྣམ་པ་གསར་པ་གང་མགྱོགས་ཐོན་རྒྱུའི་བརྩོན་ལེན་བྱེད་དགོས་པ་སྟེ། གཅིག་ནས་རང་བྱུང་གནོད་འཚེ་འགོག་པའི་འགོག་རགས་གང་མགྱོགས་འཛུགས་དགོས་ཤིང་། ཆུ་ལོག་ཆེན་པོ་དང་གནོད་འཚེ་ཆེན་པོ་འགོག་རྒྱུར་གཞི་ཚུགས་པ་དང་འབྲུབ་འགོག་གེགས་སེལ་ཐད་མངོན་པའི་ལྷུ་ཚིགས་ཞན་སར་དམིགས་ཏེ་མགྱོགས་མྱུར་ཚང་བཤེར་ཆད་གསབ་དང་། གནོད་འཚེའི་ཉེན་ཟོན་ལྟ་ཞིབ་ཚད་ལེན་གྱི་ཞན་ཆ་སེལ་བ། གནོད་འཚེ་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་བྱེད་དགོས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་གཤང་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་སྐྱེ་ཁམས་བར་མཐོངས་དང་ཆུ་ལོག་གཤང་ལམ་སོགས་ལ་སྲུང་སྐྱོང་ནན་པོ་བྱེད་དགོས། གཉིས་ནས“ཆུ་བཞིས་གཏན་འཁེལ་བཞིའི”རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ཤིང་། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ། ཆུ་ལ་བརྟེན་ནས་མི་གཏན་འཁེལ། ཆུ་ལ་བརྟེན་ནས་ཐོན་སྐྱེད་གཏན་འཁེལ་བཅས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཆུའི་བདེ་འཇགས་འགན་ལེན་ནུས་ལྡན་དང་། ཆུའི་ཐོན་ཁུངས་ནུས་ཆེ་བེད་སྤྱོད། ཆུའི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་གཏོང་བཅས་ཀྱི་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་དགོས།
    ཆུའི་ཐོན་ཁུངས་སྤྱོད་མཁས་པོ་བྱེད་པ་དང་ཆུའི་ཐོན་ཁུངས་ལ་དོ་དམ་ནན་པོ་དང་ཞིབ་ཚགས་བྱེད་དགོས། ཆུའི་དབང་ཆ་དང་བཙོག་འབུད་དབང་ཆ་སོགས་ཀྱི་ཉོ་ཚོང་བྱེད་ཐབས་གསར་གཏོད་དང་། ནོར་ཁྲལ་གྱི་འདེགས་ཤིང་བེད་སྤྱོད་ཡག་པོ། རིན་གོང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་ཆུ་གྲོན་ཆུང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ལྡོག་སྐུལ་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཐོན་ཁུལ་དུ་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་གཙོ་བོར་བྱེད་པ་དང་ས་མཐོའི་མཐོ་གྲང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་ལ་གཞི་གཅིག་ཅན་གྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་གོ་རིམ་ལྡན་པའི་ངང་སོར་ཆུད་སྐྱེ་འཕེལ་གྱི་ལམ་ལུགས་ལག་ལེན་བསྟར་དགོས། རྨ་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་ས་ཆུ་ཤོར་བར་བཅོས་སྐྱོང་དང་ཐང་རྒོད་ཅན་འགོག་བཅོས་ལ་དམ་འཛིན་ཡག་པོ་བྱས་ཏེ་རྨ་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལམ་དང་གྲམ་ཐང་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུ་མདོ་ཟུར་གསུམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་རུ་གཏོང་དགོས། ཁོར་ཡུག་གི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་གི་འདུ་འགོད་ལག་བསྟར་ཡག་པོ་བྱེད་དགོས། བཞི་ནས་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་རྣམ་པ་གསར་པ་གང་མགྱོགས་འཛུགས་དགོས་ཤིང་། རྨ་ཆུ་རྒྱུག་ཁུལ་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ས་ཁུལ་འདི་དག་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་ལ་གཞོལ་དུ་འཇུག་པ་དང་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འོས་འཚམ་གཏོང་དགོས། ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བར་ཆུ་གྲོན་ཆུང་བྱས་ནས་ཕན་འབྲས་ཐོན་པ་དང་ཚན་རྩལ་ལ་བརྟེན་ནས་ཕན་འབྲས་ཐོན་པ་བྱས་ཏེ་སྐམ་འདེབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཡུག་འབྲེལ་གྲོང་ཚོགས་དང་གྲོང་ཚོམས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་འཕེལ་རྒྱས་གཏོང་དགོས་པ་ལས་རྨོངས་ཚོད་ཀྱིས་རྒྱ་སྐྱེད་གཏོང་མི་རུང་། ལྔ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོ་དགོས་ཤིང་། གསར་གཏོད་གསར་སྐྲུན་མཐའ་འཁྱོངས་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་མཐུན་སྦྱོར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་བཏང་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བརྟན་པོ་བྱེད་དགོས། མཚོ་རྒྱུད་དང་འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ཡག་པོ་འཚོག་ཐུབ་ཆེད། ཚེས་20དང་ཚེས་21ཉིན་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཀན་ཅེ་དང་ལས་ཚབ་ཧྲེང་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག་ཏུང་དབྱིང་གྲོང་ཁྱེར་གྱི་རྨ་ཆུ་འབབ་ཁུལ་དང་། ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ། དེ་སྔའི་རྨ་ཆུའི་ཆུ་ལོག་འཁྱིལ་ཁུལ་གྱི་གྲོང་མི་གནས་སྤོ་སྡེ་ཁུལ་སོགས་སུ་ཕེབས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ས་ཆ་དངོས་སུ་མཁྱེན་རྟོགས་གནང་བ་རེད།

ཟླ་10ཚེས་22ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད། འདི་ནི་བཞུགས་མོལ་ཚོགས་འདུ་མ་འཚོག་གོང་གི་ཚེས་20ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཏུང་དབྱིང་གྲོང་ཁྱེར་གྱི་རྨ་ཆུ་མཚོ་འབབ་ཁུལ་དུ་རྟོག་ཞིབ་གནང་བཞིན་པ།
ཟླ་10ཚེས་22ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ་རེད། འདི་ནི་བཞུགས་མོལ་ཚོགས་འདུ་མ་འཚོག་གོང་གི་ཚེས་20ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཏུང་དབྱིང་གྲོང་ཁྱེར་གྱི་རྨ་ཆུ་མཚོ་འབབ་ཁུལ་དུ་རྟོག་ཞིབ་གནང་བཞིན་པ།

  
style="display:none;"