མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་98པ་དང་། ཨང་99པ། ཨང་100པ་བཅས་ལ་
མཚན་རྟགས་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གོ་བརྒྱད་པ་དང་། ཨང་གོ་དགུ་པ། ཨང་བརྒྱ་ཐམ་པ་བཅས་ལ་ཁག་སོ་སོར་མཚན་རྟགས་བཀོད་པ་རེད།
    ཀྲུའུ་ཞིའི་བཀའ་རྒྱ་ཨང་གོ་བརྒྱད་པའི་ནང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས》2021ལོའི་ཟླ་10ཚེས་23ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གྲོས་འཆམ་བྱུང་བས་ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་དང་། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
    ཀྲུའུ་ཞིའི་བཀའ་རྒྱ་ཨང་གོ་དགུ་པའི་ནང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས》2021ལོའི་ཟླ་10ཚེས་23ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གྲོས་འཆམ་བྱུང་བས་ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་དང་། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
    ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱ་ཐམ་པའི་ནང་། 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་བཅའ་ཁྲིམས>བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》2021ལོའི་ཟླ་10ཚེས་23ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་དང་། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

  
style="display:none;"