མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་29ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཟླ་11ཚེས་22ཉིན་ནས་ཚེས་24ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོག་རྒྱུའི་གཏན་འབེབས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དྲུག་ཅུ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
    དབང་དབྱང་གིས་ནན་བཤད་གནང་དོན། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུའི་ཐད་རྒྱས་བཤད་གཏིང་ཟབ་གནང་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དང་ཕན་ནུས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པ་ཁོང་དུ་ཡང་དག་ཆུད་པ་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ནུས་པ་ཡང་དག་མཚོན་པར་བྱེད་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པ་འཚོགས་ཚུན་སྤེལ་བའི་སྲིད་གྲོས་གྲོས་མོལ་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ། ཆེད་དོན་གྲོས་མོལ་སྒྲིག་གཞི་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
    ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། དཔལ་འབྱོར་ཨུ་ཡོན་ལྷན་ཁང་། མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་གནས་ཚུལ་གྲོས་མོལ་གྱི་སྙན་སེང་གསན་ཞིང་། དབང་དབྱང་གིས་རིགས་གཅིག་མཁས་ཅན་གྱི་གྲོས་མོལ་ཚོགས་འདུ་འཚོགས་པ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆུ་ཚད་མཐོ་བའི་འགན་འཁྲི་སྒྲུབ་པར་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་སྲིད་གྲོས་གྲོས་མོལ་གྱི་ནང་དོན་འཚོལ་ཞིབ་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ་ཞིག་རེད། ཆེད་དོན་ཨུ་ལྷན་ཁག་གིས་གྲོས་དོན་གྱི་ཁྱད་ཆོས་དང་ཨུ་ལྷན་གྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་རིགས་གཅིག་མཁས་ཅན་གྱི་གྲོས་མོལ་ཚོགས་འདུའི་ནུས་པའི་ངེས་གནས་སྟངས་འཛིན་ཡང་དག་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྔ་བསམ་ཕྱི་བལྟས་ཀྱི་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ་ཧུར་ཐག་བྱེད་པ། བསམ་བློའི་གདོང་གཏུག་དང་ལྟ་བ་སྤེལ་རེས་ཁྲོད་གནད་དོན་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་ཕན་འབྲས་རགས་ཙམ་ཐོན་ཡོད། ཆེད་དོན་ཨུ་ལྷན་ཁག་གིས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ཞིབ་འཇུག་དང་ལེགས་བཅོས་བྱས་ཏེ་རིགས་གཅིག་མཁས་ཅན་གྱི་གྲོས་མོལ་ཚོགས་འདུའི་ལས་དོན་ལམ་ལུགས་ཅན་དང་གོ་རིམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
    ཚོགས་འདུའི་ཐོག་2021ལོར་ཆེད་དོན་དམངས་གཙོ་ལྟ་སྐུལ་ལས་དོན་སྤེལ་ཚུལ་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྙན་སེང་གསན་ནས《ས་ནག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་དམངས་གཙོ་ལྟ་སྐུལ་སྙན་ཞུ》དང་། 《ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དམངས་གཙོ་ལྟ་སྐུལ་གྱི་སྙན་ཞུ》 《གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་དོན་འཁྱོལ་བྱས་ཚུལ་དང་གྲོས་འགོ—གཡོད་ཀང་ཨའོ་མཉམ་ལས་འཕེལ་རྒྱས་ལས་སྟེགས་མཉམ་སྐྲུན་སྐོར་གྱི་དམངས་གཙོ་ལྟ་སྐུལ་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྙན་ཞུ་དེ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་ཕྱོགས་ཁག་ལ་དཔྱད་གཞིར་འཛིན་རྒྱུར་འགྲེམས་སྐྱེལ་བྱ་རྒྱུ་རེད།

  
style="display:none;"