མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧན་ཀྲེང་གིས་རྒྱལ་ཁབ་གློག་དྲའི་བཞུགས་མོལ་ཚོགས་འདུའི་ཐོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་
བ་དང་གནད་འཁེལ་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་འདི་ལོའི་དགུན་དུས་དང་ཕྱི་
ལོའི་དཔྱིད་དུས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་04ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སླར་ཡང་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
   ཧན་ཀྲེང་གིས། ཉེ་བའི་དུས་སྐབས་ཤིག་རིང་འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། གནམ་གཤིས་གྲང་ཤོས་ལ་ཁ་གཏད་གཅོག་རྒྱུའི་སྔོན་ཇུས་ཡག་པོ་སྒྲུབ་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་དང་སེལ་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་དང་། ནུས་རྒྱུའི་བདེ་འཇགས་མཁོ་སྤྲོད་འགན་ལེན། མི་དམངས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
   ཧན་ཀྲེང་གིས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ལས་དོན་གཙོ་བོར་བརྩིས་ནས་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་གློག་དང་རྡོ་སོལ་དང་རང་བྱུང་སོལ་རླངས་མཁོ་འདོན་བྱེད་འབོར་ཆེ་རུ་གཏོང་དགོས་པ་དང་གློག་དང་རྡོ་སོལ་མཁོ་སྤྲོད་འགན་ལེན་གྱི་རིན་གོང་བརྟན་པོ་ཡོང་བར་མུ་མཐུད་ནས་དམ་འཛིན་ཡག་པོ་བྱས་ཏེ་རྡོ་སོལ་གཙང་མ་སྤྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྡོ་སོལ་དང་གློག་གི་ཁེ་ལས་ཀྱི་གློག་འདོན་ནུས་པ་རྒྱུན་གཏན་གྱི་ཆུ་ཚད་དུ་སླེབས་རྒྱུར་གང་མགྱོགས་སླར་གསོ་ཡོང་བ་བྱས་ཏེ་འཆར་གཞི་མ་ཡིན་པར་འཁོར་སྐྱོད་བྱེད་མཚམས་བཞག་པའི་གློག་འདོན་འཕྲུལ་འཁོར་ཚན་པ་རྒྱུན་རྣམ་ཅན་དུ་འཁོར་སྐྱོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་གཏོང་དགོས་རིགས་ཚང་མ་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"