མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་05ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་བརྒྱད་པའི་གནས་ཚུལ་སྙན་སེང་གསན་པ་དང་ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིཌ་ པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པ། སྲིད་གཞུང་གི་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་ལས་དོན་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་ བཏོན་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་ གྲོས་འཆམ་བྱུང་བ། གྲོང་གསེབ་དར་རྒྱས་དང་ཞིང་པའི་ཡོང་འབབ་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་བརྒྱད་པའི་གནས་ཚུལ་སྙན་སེང་གསན་ཞིང་། ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིགས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པ། སྲིད་གཞུང་གི་མ་དངུལ་བེད་སྤྱོད་ཡག་པོ་གཏོང་བ་བཅས་ཀྱི་ལས་དོན་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། གྲོང་གསེབ་དར་རྒྱས་དང་ཞིང་པའི་ཡོང་འབབ་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་བཏང་བ་བཅས་རེད།
   ཚོགས་འདུའི་ཐོག་བསྟན་གནང་དོན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)16ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་གསར་གཏོད་དང་གཞི་རིམ་དུ་ཐད་ཀར་བསྐྱོད་ནས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱས་ཡོད་ལ། ས་གནས་དང་ཁེ་ལས་ལ་རོགས་སྐྱོར་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་སྣང་ཆེན་བྱས་ཡོད། ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་ལ་བལྟས་ན། འདི་ལོ་ནས་བཟུང་ས་གནས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པར་བརྟེན་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། གོམ་སྟབས་རྗེས་མར། ས་གནས་ཁག་དང་སྡེ་ཚན་ཁག་གིས་གཏན་འཁེལ་ཟིན་པའི་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་བ་དང་དག་ཐེར་གནད་ལ་འཁེལ་བའི་འགན་ལེན་བྱས་ནས་ལས་ཀའི་དམིཌ་སའི་རང་བཞིན་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། གཅིག་ནས་ཁྲོམ་རའི་བྱེད་པོར་དཀའ་ངལ་སེལ་རོགས་ཏན་ཏིག་བྱེད་དགོས་ཤིང་། ས་གནས་ཁ་ཤས་སུ་ཁྲལ་རིན་གཉིས་གཅོག་གིས་རིན་གོང་ཆེན་པོ་གཅོག་པ་དང་། ཐོན་འབོར་མང་བའི་ཚོང་ཟོག་གི་རིན་གོང་ཇེ་མཐོར་ཕྱིན་ནས་མ་གནས་མཐོར་གཏོང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་བྱེད་པ་སོགས་ཀྱི་གནད་དོན་ལ་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཉམས་རྒུད་འགྲོ་བའི་གནོན་ཤུགས་གསར་པ་དང་ཁྲོམ་རའི་བྱེད་པོའི་དཀའ་ངལ་གསར་པར་དམིགས་ཏེ། སྔོན་ནས་ལེགས་སྒྲིག་དང་ལེགས་སྒྲིག་ཕྲན་བུ་ནུས་ལྡན་བྱེད་དགོས། གཉིས་ནས་དམངས་འཚོའི་འགག་གནད་དང་དཀའ་གནད་ཧུར་ཐག་བསལ་ནས་དམངས་འཚོའི་རེ་སྒུག་སེམས་ནང་བཞག་སྟེ་ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་ས་གནས་ཁག་གཅིག་ཏུ་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཆ་འགྱངས་ཆད་བྱས་པ་དང་སྨན་ཁང་དང་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་སོགས་ཐད་ཀྱི་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་མེད་པ་དང་ཏན་ཏིག་སྒྲུབ་མེད་པའི་གནད་དོན་ཐག་གཅོད་བྱེད་དགོས། གསུམ་ནས་སྲིད་གཞུང་གི་སྤྱི་པའི་གཏོང་སྒོ་ཚད་ལྡན་དང་ནུས་ལྡན་ངང་བེད་སྤྱོད་ཡག་པོ་གཏོང་དགོས་ཤིང་། “ངོ་སོའི”ལས་གྲྭ་གཏན་འགོག་དང་། “ནང་ངོས”འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་རྩ་ཆེའི་ནོར་སྲིད་མ་དངུལ་དེ་དག་ཁྲོམ་རའི་བྱེད་པོར་རྒྱབ་སྐྱོར་དང་གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པའི་ཐད་སྤྱོད་དགོས།
    ཚོགས་འདུའི་ཐོག་བསྟན་གནང་དོན། “ཞིང་གསུམ”ལས་དོན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་བབ་དང་ཞིང་པའི་གནས་ཚུལ་ལ་གཞི་ཚུགས་ཏེ་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིང་ལས་ཀྱིས་འདེགས་སྐྱོར་དང་འགན་ལེན་བྱེད་ནུས་ཆེ་རུ་བཏང་ནས་ཞིང་པའི་འཚོ་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། གཅིག་ནས་ཞིང་ལས་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་དགོས་ཤིང་། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཀ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་བྱས་ཏེ་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་བྱས་ཐོག་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་པར་འགན་སྲུང་དང་། གསོག་འཇོག་བྱེད་ཚད་དང་ཚོང་རའི་སྙོམས་སྒྲིག་སྟངས་འཛིན་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། ཞིང་ལས་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པ་དང་། ས་བོན་དང་ཞིང་འཕྲུལ་སྒྲིག་ཆས་སོགས་ལ་དམིགས་ནས་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་མགྱོགས་སུ་གཏོང་བ། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་སྟེ་ལས་ཞུགས་ཀྱི་གོ་སྐབས་དང་རིན་ཐང་འཕར་མའི་ཁེ་འབབ་སྔར་ལས་མང་བ་ཞིང་པར་འཇོག་པ་དང་། ཞིང་ལས་དང་ཡུལ་སྐོར། སློབ་གསོ་སོགས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་དང་། ཚན་རྩལ་མི་སྣ་སོགས་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཏུ་བྱ་གཞག་གསར་གཏོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། བཞི་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ལྔ་ནས་གྲོང་གསེབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་ཞིང་ལས་དང་གྲོང་གསེབ་ཏུ་འཇོག་པར་སྐུལ་ལྕག་བྱེད་དགོས། དྲུག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ཆ་རྐྱེན་ལེགས་སུ་གཏོང་དགོས་པ་བཅས་རེད།

  
style="display:none;"