མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་
བོའི་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་06ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཛམ་གླིང་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་དང་། བློ་བརྟན་ འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་གཏོང་། བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་ལུགས་ནན་བཤད་གནང་བ།
   ■ དེང་སྐབས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ཆུ་རྒྱུན་གྱེན་ལྡོག་བྱུང་ཞིང་། ཆུ་བོའི་གྱེན་དུ་གྲུ་ཤན་གཏོང་བས་ན། མདུན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས་པར་ངེས། ང་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ནས་མིའི་རིགས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
   ■ སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། འདི་ལོ་ནི་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ལོ་ངོ་20ཡི་རིང་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་ཁས་ལེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཀྲུང་གོའི་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟར་ཡོང་རྒྱུར་སྐུལ་མ་ཐེབས་པ་མ་ཟད། འཛམ་གླིང་དཔལ་འབྱོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་ཡོང་རྒྱུར་ཡང་སྐུལ་མ་ཐེབས་ཡོད། ལོ་ངོ་20ཡི་རིང་ནི་ཀྲུང་གོས་སྒྱུར་བཅོས་ཟབ་གཏོང་དང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་ལོ་ངོ་20དང་། ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་སློང་བསུ་བའི་ལོ་ངོ་20 ཀྲུང་གོས་རང་འགུལ་ངང་འགན་འཁྲི་དང་དུ་ལེན་པ་དང་འཛམ་གླིང་ལ་ཕན་བདེ་སྐྲུན་པའི་ལོ་ངོ་20བཅས་རེད། ལོ་ངོ་20ཡི་རིང་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་སྙིང་རུས་དང་ཞུམ་མེད་འབད་འཐབ་བྱས་ནས་ཐོབ་པ་ཞིག་རེད་ལ། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་ལག་ལེན་བསྟར་བའི་འབྲས་བུའང་རེད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན་གྱི་དགོང་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《སྒོ་དབྱེའི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོ་སྐྱིད་སྦྱིན》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པར་ཞུགས་མཁན་སྐུ་མགྲོན་རྣམ་པ་དང་གྲོགས་པོ་གསར་རྙིང་ཚོ་དང“སྤྲིན་ཚོམ”ཐོག་མཉམ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོས་སྔར་ནས་བཟུང་ཁ་དན་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱེད་ཀྱི་ཡོད། ངས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་ཐབས་གཞི་རྩའི་ཆ་ནས་དོན་འཁྱོལ་བྱུང་ཡོད། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ན་ནིང་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དེ་ཡིན་པས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་རྒྱུ་འགན་ལེན་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེང་སྐབས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ཆུ་རྒྱུན་གྱེན་ལྡོག་བྱུང་ཞིང་། ཆུ་བོའི་གྱེན་དུ་གྲུ་ཤན་གཏོང་བས་ན། མདུན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས་པར་ངེས། ང་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ནས་མིའི་རིགས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། འདི་ལོ་ནི་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ལོ་ངོ་20ཡི་རིང་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་ཁས་ལེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཀྲུང་གོའི་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟར་ཡོང་རྒྱུར་སྐུལ་མ་ཐེབས་པ་མ་ཟད། འཛམ་གླིང་དཔལ་འབྱོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་ཡོང་རྒྱུར་ཡང་སྐུལ་མ་ཐེབས་ཡོད། ལོ་ངོ་20ཡི་རིང་ནི་ཀྲུང་གོས་སྒྱུར་བཅོས་ཟབ་གཏོང་དང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་ལོ་ངོ་20དང་། ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་སློང་བསུ་བའི་ལོ་ངོ་20 ཀྲུང་གོས་རང་འགུལ་ངང་འགན་འཁྲི་དང་དུ་ལེན་པ་དང་འཛམ་གླིང་ལ་ཕན་བདེ་སྐྲུན་པའི་ལོ་ངོ་20བཅས་རེད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ལོ་ངོ་20ཡི་རིང་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་སྙིང་རུས་དང་ཞུམ་མེད་འབད་འཐབ་བྱས་ནས་ཐོབ་པ་ཞིག་རེད་ལ། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་ལག་ལེན་བསྟར་བའི་འབྲས་བུའང་རེད། ལོ་རྒྱུས་ཀྱི་འཕེལ་རིམ་འདིའི་ནང་ཞུགས་པ་དང་བདེན་དཔང་བྱས་པ་དང་ཀྲུང་གོའི་སྒོ་དབྱེ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “སྔོན་ནས་ལྟ་ཞིབ་བྱས་འགྱུར་ན། ཕྱིས་འབྱུང་གང་ཡོང་ལོས་ཀྱིས་ཤེས” རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་གཏོང་དགོས་ན་ངེས་པར་དུ་ལོ་རྒྱུས་མདུན་སྐྱོད་བྱེད་པའི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་དགོས། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་འགྱུར་མི་སྲིད་པ་དང་། འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་ལ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་མཉམ། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཆོད་སེམས་ཀྱང་འགྱུར་མི་སྲིད།
   གཅིག་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ནི་རྒྱལ་སྤྱིའི་ཚོང་དོན་གྱི་རྨང་རྡོ་ལྟ་བུ་ཡིན། ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར། འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཀྲུང་གོས་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་གྲངས་འཛིན་དཔལ་འབྱོར་དང་། ཚོང་དོན་དང་ཁོར་ཡུག ཐོན་ལས་ཁ་གསབ། གཞུང་ཁོངས་ཁེ་ལས་སོགས་ཀྱི་གྲོས་གཞིའི་གྲོས་མོལ་ནང་ཧུར་ཐག་ཞུགས་ཏེ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་རྒྱལ་སྤྱིའི་ལམ་སྲོལ་གྱིས་གཏན་ལ་ཕབ་པའི་ཐབས་ལམ་གཙོ་བོའི་གནས་བབ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཡིན།
   གཉིས་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་ཚོང་དོན་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ནང་འདྲེན་ཚོང་དོན་གྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་མང་དུ་གཏོང་བ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཚོང་ཟོག་གི་གསལ་ཐོ་ལེགས་སུ་གཏོང་བ། མཐའ་མཚམས་མི་སེར་གྱི་ཚོང་འབྲེལ་ཚོང་དོན་གྱི་ནང་འདྲེན་ཚོང་ཟོག་དོན་འཁྱོལ་དང་ལས་སྣོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་འཁོར་རྒྱལ་ཁབ་ནས་ནང་འདྲེན་བྱེད་མང་དུ་གཏོང་རྒྱུ་རེད། ཀྲུང་གོས་ཕྱི་ནང་གི་ཚོང་དོན་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་འཛད་སྤྱོད་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”འཕེལ་རྒྱས་གཏོང་བ་དང་དེང་རབས་ཀྱི་ཟོག་འགྲེམས་མ་ལག་བཙུགས་ནས་རྒྱལ་མཚམས་སྒྲོལ་བའི་ཟོག་འགྲེམས་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན།
   གསུམ་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཀྲུང་གོས་ཕྱི་དངུལ་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་སྔར་བས་ཉུང་དུ་བཏང་སྟེ་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་མོ་གོ་རིམ་ལྡན་པའི་ངང་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། 《ཕྱི་ཕྱོགས་ཚོང་པའི་མ་འཇོག་ཐོན་ལས་ལ་སྐུལ་འདེད་གཏོང་བའི་དཀར་ཆག》བཟོ་བ་དང་རྒྱ་ཆེར་བཏང་སྟེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོ་འདོན་རྒྱུ་རེད། ཀྲུང་གོས་ལྗང་མདོག་ཐཱན་ཉུང་དང་གྲངས་འཛིན་དཔལ་འབྱོར་སོགས་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ནས《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེ་མོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དང《གྲངས་འཛིན་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན།
    བཞི་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་ལམ་སྲོལ་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཚོང་དོན་དང་མ་འཇོག་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་གྲོས་གཞིར་དཔྱད་བསྡུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རིམས་འགོག་སྨན་ཁབ་སོགས་འགག་རྩའི་སྨན་བཅོས་དངོས་ཟོག་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་འདྲ་མཉམ་ངང་བགོ་བཤའ་དང་ཚོང་དོན་ཤར་གཏོང་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུ་བདེ་འཇགས་སྲུང་སྐྱོང་བྱེད་པར་ཧུར་ཐག་ཞུགས་ནས་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མུ་མཐུད་རོགས་སྐྱོར་དེ་བས་མང་བ་བྱ་རྒྱུ་ཡིན།
   མཇུག་ཏུ་ཞི་ཅིན་ཕིང་གིས། “མང་པོ་གཅིག་ཏུ་བློ་མཐུན་ན། མི་གྲུབ་བྱ་བ་གཅིག་ཀྱང་མེད”ཅེས་པ་ལྟར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཡལ་མེད་པ་དང་འཛམ་གླིང་དཔལ་འབྱོར་སླར་གསོའི་མདུན་ལམ་དཀའ་ཚེགས་ཆེན་པོ་ཡོད་པའི་དུས་འདིར་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དུས་སྐབས་ཀྱི་དཀའ་ངལ་དེ་བས་ཁྱད་བསད་བྱེད་དགོས་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱས་ཏེ་སྒོ་དབྱེའི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོ་སྐྱིད་སྦྱིན་འདོད་ཡོད་པའི་ནན་བཤད་གནང་བ་རེད།

  
style="display:none;"