མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་བ་དང་མེ་ཟོན་གྱི་
བློ་དཀར་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་08ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་11ཚེས་5ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་བ་དང་མེ་ཟོན་གྱི་བློ་དཀར་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བཞིན་པ།

འདི་ནི་ཟླ་11ཚེས་5ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་བ་དང་མེ་ཟོན་གྱི་བློ་དཀར་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་བ་དང་མེ་ཟོན་གྱི་བློ་དཀར་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མེ་ཟོན་རོགས་སྐྱོབ་ཀྱི་བཀོད་འཐབ་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཇལ་འཕྲད་ལ་ཞུགས་པ་རེད།
   སྔ་དྲོའི་ཆུ་ཚོད་11དང་སྐར་མ་15ཡི་ཐོག ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་སྐབས། ཚོམས་ཆེན་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཞི་ཅིན་ཕིང་སོཌ་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་སྤེལ་རེས་གནང་རྗེས་ལྷན་བཞུཌ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
   ཏིང་ཤུའེ་ཞང་དང་། ལིའུ་ཧོ། ཝང་ཡུང་། ཀྲའོ་ཁེ་ཀྲི་བཅས་མཇལ་འཛོམས་ལ་ཞུགས་པ་རེད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)
   ཚེས་4ཉིན། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་བ་དང་མེ་ཟོན་ལྷག་བསམ་རྣམ་དག་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་རེད། ཝང་ཡུང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་སྟོན་བཀའ་སློབ་ཀྱི་དགོངས་དོན་བློ་ལ་བརྟན་པོར་ངེས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ། འཕྲལ་སྡོམ་དོ་དམ་གྱི་ལས་དོན་ཁག་སེམས་ཤུགས་གང་ཡོད་ཀྱིས་ཡག་པོ་སྒྲུབ་པ། དམངས་ལ་དུས་བདེ་ཡོང་བའི་འགན་ལེན་དང་དམངས་ལ་བདེ་སྐྱིད་བསྐྲུན་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་དང་མི་དམངས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་བ་8དང་། སྔོན་ཐོན་མཉམ་སྡེབ་99 སྔོན་ཐོན་ལས་དོན་པ་190 “ཀྲུང་གོའི་མེ་ཟོན་གྱི་ལྷག་བསམ་རྣམ་དག་སྲུང་དམག”30 རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང་བ་30བཅས་ལ་གཟེངས་བསྟོད་ཐོབ་པ་རེད། ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནུབ་སྐོར་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཆབ་སྲིད་མཛུབ་ཁྲིད་པ་ཀྲའོ་དབྱི་དང་། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཧྭ་ཀུའེ། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ནག་ཆུ་རུ་ཆེན་གྱི་རུ་དཔོན་ཆེ་མོ་ཁུང་ཐེ་ཐེ། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཤའོ་ཝུན་རུའུ། པེ་ཅིང་གྲོང་ཁྱེར་གནམ་བདེ་སྒོ་མོ་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གོང་མའི་ཕོ་བྲང་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཆབ་སྲིད་མཛུབ་ཁྲིད་པ་ཚའེ་རུའེ་སོགས་གཟེངས་བསྟོད་ཐོབ་པའི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།

  
style="display:none;"