མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་19ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་ཁབ་ཀྱི་སྲིད་དོན་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་གྲངས་འཛིན་སྲིད་གཞུང་གང་མགྱོགས་འཛུགས་སྐྱོང་བྱས་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་སྒོ་ནས་བེད་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་ཆེད་དོན་དངུལ་བུན་བསྐྱར་དུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་ཁབ་ཀྱི་སྲིད་དོན་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲངས་འཛིན་སྲིད་གཞུང་གང་མགྱོགས་འཛུགས་སྐྱོང་བྱས་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་སྒོ་ནས་བེད་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་ཆེད་དོན་དངུལ་བུན་བསྐྱར་དུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། སྲིད་དོན་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྲིད་གཞུང་གི་དོ་དམ་ནུས་ཕྱོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས། རང་རྒྱལ་གྱི་སྲིད་དོན་ཆ་འཕྲིན་མ་ལག་འཛུགས་སྐྱོང་དང་ཉེར་སྤྱོད་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ།“ཐེངས་གཅིག་ལས་འགྲོ་མི་དགོས་པ”དང་། “ངོ་འཕྲད་མི་དགོས་པར་ཞིབ་མཆན་འགོད་པ” “ལག་ཐོགས་ཁ་པར་ནས་གཉེར་བ”སོགས་ཀྱི་ཞབས་ཞུའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་པས་ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པར་སྟབས་བདེ་བྱུང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁེ་ལས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་བ་སྔར་བས་སྐོང་ཐུབ་པ་བྱས་ནས། སྲིད་དོན་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་ཕྱོད་མཐོ་རུ་གཏོང་རྒྱུ་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ཏེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་མགྱོགས་སུ་གཏོང་བ། ཁྲོམ་རའི་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། གཅིག་ནས་གཅིག་གྱུར་གྱི་རྒྱལ་ཁབ་དྲ་ཐོག་སྲིད་དོན་དྲ་རྒྱའི་མ་ལག་བཙུགས་ནས་ས་གནས་དང་སྡེ་ཚན་གྱི་སྲིད་དོན་ཆེད་དོན་དྲ་རྒྱ་སྣ་ཚོགས་གཅིག་གྱུར་གྱི་དྲ་ཐོག་སྲིད་དོན་དྲ་རྒྱར་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་བཏང་སྟེ། ཆ་འཕྲིན་གྱི་ཁེར་ཆགས་གླིང་ཕྲན་མེད་པ་བཟོས་ནས་ཕན་ཚུན་སྦྲེལ་མཐུད་བྱེད་དགོས་རིགས་སྦྲེལ་མཐུད་བྱེད་པ་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས། གཉིས་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་ཕུན་སུམ་ཚོགས་སུ་བཏང་སྟེ་གཅིག་གྱུར་གྱི་གློག་རྡུལ་ལག་ཁྱེར་མཛོད་འཛུགས་པ་དང་། གློག་རྡུལ་གན་རྒྱ་དང་ཐེལ་ཙེ་སོགས་སྤྱོད་རྒྱུ་ཁྱབ་གདལ་གཏོང་བ། སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས། སློབ་གསོ། ལས་ཞུགས་སོགས་ཀྱི་ཐད་དེ་བས་སྟབས་བདེ་བའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བཅས་བྱས་ཏེ། བྱ་བ་དེ་བས་མང་བ་དྲ་ཚུགས་གཅིག་ཏུ་ཀུན་ནས་སྒྲུབ་པ་དང་ཞིང་སྒྲོལ་སྒྲུབ་གཉེར་ཐུབ་པ་བྱེད་དགོས། གསུམ་ནས་རྒྱལ་ཁབ་ཀྱི་མི་འབོར་དང་། ཁྲིམས་མི། རང་བྱུང་ཐོན་ཁུངས། དཔལ་འབྱོར་གྲངས་གཞི་སོགས་རྨང་གཞིའི་ཆ་འཕྲིན་མཛོད་འཐུས་སྒོ་ཚང་དུ་བཏང་ནས་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་དང་། རང་བྱུང་གནོད་འཚེ། ལས་འཛོལ་གྱི་གནོད་འཚེ་སོགས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཁྲོད་དུ་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་བྱེད་མང་དུ་གཏོང་དགོས། བཞི་ནས་སྲིད་དོན་གྲངས་གཞི་སྲིད་དོན་ཡོངས་བསྒྲགས་ཀྱི་སྒྲིག་སྲོལ་ལྟར་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་སྤྱི་ཚོགས་ལ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་ཐོ་འགོད་དང་། ལྟ་སྐུལ་དོ་དམ། འཕྲོད་བསྟེན། སློབ་གསོ། འགྲིམ་འགྲུལ། གནམ་གཤིས་སོགས་ལ་སྔོན་དུ་གྲངས་གཞི་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཚོང་ལས་ཀྱི་གསང་བ་དང་སྒེར་གྱི་གསང་དོན་སྲུང་སྐྱོང་ནན་པོ་བྱེད་དགོས། ལྔ་ནས་ཁྲོམ་རའི་ལྟ་འདོམས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་དང་། “དྲ་སྦྲེལ+ལྟ་འདོམས”ཡིད་རྟོན་ལྟ་འདོམས་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བཟའ་བཅའ་དང་སྨན་རྫས་དང་། ཞིང་ལས་ཐོན་རྫས། དམིགས་བསལ་སྒྲིག་ཆས་སོགས་ཀྱི་མཐུན་སྦྱོར་ལྟ་འདོམས་ནུས་པ་ཆེ་རུ་གཏོང་དགོས། དྲུག་ནས་དྲ་རྒྱའི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་དབྱེ་ནས་སྲུང་སྐྱོང་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སྲིད་དོན་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་། མ་ལག གྲངས་གཞི་བཅས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་ནི་རྡོ་སོལ་གཙོ་བོ་ཡིན་པས། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་ངང་སྤྱོད་པའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་བྱང་ཆུབ་པའི་ལག་རྩལ་ཚོང་ལས་ཅན་གྱི་སྒོ་ནས་བཀོལ་སྤྱོད་བྱ་རྒྱུ་གང་མགྱོགས་ཁྱབ་གདལ་གཏོང་དགོས། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། དུས་འགོར་ཐཱན་འབུད་ཚད་ཉུང་གཏོང་གི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་བཏོན་པའི་རྨང་གཞིའི་ཐོག སླར་ཡང་སྒོར་དུང་ཕྱུར་2000རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་སྒོ་ནས་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་ཆེད་དོན་དངུལ་བུན་བསྐྱར་གཏོང་བྱས་ཏེ། སྲིད་ཇུས་ཀྱི་གཞི་ཁྱོན་ཆགས་པར་བྱས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། ད་ཐེངས་ཀྱི་ཆེད་སྤྱོད་དངུལ་བུན་བསྐྱར་གཏོང་སྒོར་དུང་ཕྱུར་2000དེ་གཙོ་གནད་ལ་དམིགས་པ་དང་། བཀོལ་སྤྱོད་དེ་བས་ཆོག་པའི་བླང་བྱ། ཁྲོམ་ར་ཅན་གྱི་རྩ་དོན་བཅས་གཞིར་བཟུང་རྡོ་སོལ་བདེ་འཇགས་དང་། ནུས་ཆེ། ལྗང་མདོག རིག་ནུས་བཅས་ཀྱི་སྒོ་ནས་སྔོག་འདོན་དང་། རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་སྒོ་ནས་ལས་སྣོན། རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་ངང་བེད་སྤྱོད། བཟོ་ལས་སུ་རྡོ་སོལ་བཙོག་སྐྱོན་མེད་པར་བེད་སྤྱོད་དང་དྲོད་གཏོང་བ། དམངས་ལ་བཙོག་སྐྱོན་མེད་པའི་རྡོ་སོལ་སྤྱད་དེ་དྲོད་གཏོང་བ། རྡོ་སོལ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་ཆེད་དོན་རྒྱབ་སྐྱོར་བྱེད་རྒྱུ་རེད། ཞིབ་ཕྲའི་བྱེད་སྟངས་ནི་རྒྱལ་ཡོངས་རང་བཞིན་གྱི་དངུལ་ཁང་གིས་རྒྱབ་སྐྱོར་ཁྱབ་ཁོངས་ཀྱི་ཚད་གཞི་དང་མཐུན་པའི་རྣམ་གྲངས་ལ་རང་བརྟེན་ངང་གཟིགས་སྐྱོང་དངུལ་བུན་སྤྲོད་རྒྱུ་དང་། སྐྱེད་ཚད་དང་དུས་བཀག་གཅིག་མཚུངས་ཀྱི་རིམ་པའི་དངུལ་བུན་གྱི་ཁྲོམ་རའི་གོང་ཚད་སྙན་ཞུའི་སྐྱེད་ཚད་ཧ་ལམ་གཅིག་མཚུངས་ཡིན་པ། མི་དམངས་དངུལ་ཁང་གིས་དངུལ་བུན་གྱི་མ་གནས་ཀྱི་གྲངས་མཉམ་གཞིར་བཟུང་དངུལ་བུན་བསྐྱར་གཏོང་ལ་རྒྱབ་སྐྱོར་བྱེད་ཆོག དེ་དང་ཆབས་ཅིག ཚོགས་འདུའི་ཐོག རྣམ་གྲངས་ཀྱི་མ་རྩའི་བསྡུར་ཚད་ལུགས་མཐུན་ངང་གཅོག་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་འོས་འཚམ་བྱེད་པ། སྲིད་གཞུང་གི་ཆེད་དོན་བུན་གཏོང་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། རྙིང་འགྱུར་དངུལ་ཕབ་མགྱོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་སྤྱི་འདོམས་ཞིབ་འཇུག་བྱས་ཏེ་རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་སྒོ་ནས་སྤྱོད་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན་ཡོད།

  
style="display:none;"