མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཚོགས་འདུར་མཛུབ་སྟོན་གལ་
ཆེན་གནང་ནས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཚོགས་འདུ་ཟླ་11ཚེས་22དང་23ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
    ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁ་ལེན་པར་འགན་ལེན་དང་། སྒྱུར་བཅོས་གསར་གཏོད་ཧུར་ཐག ཐམས་ཅད་དམག་རྒྱག་ཆེད་ཡིན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རང་དམག་འཛུགས་སྐྱོང་འཕེལ་རྒྱས་དང་འགན་འཁྲི་དང་ལས་འགན་ནུས་ལྡན་སྒྲུབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་ཚོས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལས་འགན་དོན་འཁྱོལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དེང་རབས་ཀྱི་དམག་དོན་ཟོག་འགྲེམས་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་མགྱོགས་མྱུར་འཛུགས་པ། དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་བྱ་རྒྱུར་དམིགས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གསར་གཏོད་གཞན་སྒྱུར་དང་། ཚད་ལྡན་དང་ལེགས་བསྡུས་ཞིབ་གཉེར་མངོན་གསལ་དོད་པོ་ཡོང་བ། རང་ངོས་ཉམས་སད་ཐེག་ཐུབ་པར་སྣང་ཆེན། དེང་རབས་ཀྱི་དམག་དོན་ཟོག་འགྲེམས་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བཅས་བྱས་ནས། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ཞན་ཆ་གང་མགྱོགས་བསལ་ཏེ་དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྟོབས་ཆེན་ཞིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
    ཚོགས་འདུའི་ཐོག་དེང་རབས་ཀྱི་དམག་དོན་ཟོག་འགྲེམས་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་རྒྱུའི་སྐོར་གྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་རེད།
   དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་དམག་ཡོངས་ཀྱི་ཚན་པ་ཆེ་གྲས་ཁག་གི་འགོ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།

  
style="display:none;"