མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་2022ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་དེ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་06ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   དམག་ཡོངས་ལ་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་བཀའ་རྒྱ་བཏང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་2022ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་ནས་དམག་ཡོངས་ལ་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་བཀའ་རྒྱ་བཏང་བ་རེད། རྩོམ་ཡིག་ཆ་ཚང་གཤམ་གསལ་ཏེ།
   ངས་2022ལོའི་དམག་དོན་སྦྱོང་བརྡར་འགོ་ཚུགས་པའི་བཀའ་གཏོང་གི་ཡིན།
    དམག་ཡོངས་ཀྱི་རིམ་པ་ཁག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་དམག་དོན་འཐབ་རྩོད་ཀྱི་དུས་བབ་ཀྱི་འགྱུར་ལྡོག་སྟངས་འཛིན་ཡང་དག་བྱེད་པ། ཚན་རྩལ་གྱི་འགྱུར་ལྡོག་དང་། དམག་འཁྲུག་གི་འགྱུར་ལྡོག ཁ་གཏད་ཀྱི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་པ། དམག་སྦྱོང་སྣེ་སྦྲེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁོངས་གཏོགས་དམག་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚན་རྩལ་དམག་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དམག་དོན་སྦྱོང་བརྡར་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམག་རྒྱག་ཐུབ་པ་དང་དམག་རྒྱག་མཁས་པའི་དམག་ཧྲག་གི་ལུའེ་ཤོག་རྩེ་གྲ་ཞིག་ཏུ་སྦྱོང་བརྡར་སྤྲོད་དགོས།
   དམག་ཡོངས་ཀྱི་བཀོད་འཐབ་པས་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དཀའ་སྤྱད་སྦྱོང་བརྡར་དང་། ཚན་རིག་དང་མཐུན་པའི་སྦྱོང་བརྡར། བདེ་འཇགས་སྦྱོང་བརྡར། བཀོད་འདོམས་ནུས་པར་སྦྱོང་བརྡར། དམག་འཐབ་ཀྱི་འཇོན་ཐང་ལ་སྦྱོང་བརྡར་ཡག་པོ། དམག་འཐབ་ཀྱི་སྤྱོད་ཚུལ་ལ་ཞུན་བརྡར་ནན་པོ་བཅས་བྱས་ནས། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དམག་སྦྱོང་གྲུབ་འབྲས་རྩེ་གྲའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

  
style="display:none;"