མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཞི་
ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་བཅས་ཀྱིས་རྩོམ་སྒྲིག་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་དང་ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
   རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་ཤོས་དེ་ཡིན་ཞིང་། ཏང་ནམ་ཡང་མི་ཕམ་པའི་གནས་སུ་གནས་པ་བྱེད་པར་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཁྲོད་ལྟ་སྐུལ་ལ་གནས་བབ་གལ་ཆེན་ལྡན་ཡོད་པ་དང་། རང་རེའི་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་དང་ཡུན་རིང་སྲིད་སྐྱོང་བར་འཕྲད་པའི་འགྲན་སློང་ཆེ་ཤོས་ནི་དབང་ཆར་ལྟ་སྐུལ་བྱེད་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ། རང་ངོས་གསར་བརྗེའི“སྣ་འདུས་ཐབས་བཟང”མང་པོ་སྤྱད་ཡོད། ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་འགོ་ཁྲིད་བྱས་ནས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་ཁག་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་དང་སྐོར་ཞིབ་གོང་འོག་མཉམ་འགུལ་གྱི་རྣམ་པ་གཏོད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་རིགས་ཁག་གི་ལྟ་སྐུལ་འགོ་ནས་མཇུག་བར་ཁྱབ་ལ་མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་པ། དབང་ཆ་བེད་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་གོ་ཆོད་ལ་ནུས་པ་ལྡན་པའི་དབང་ཆའི་ལྟ་སྐུལ་ལམ་ལུགས་ཆ་ཚང་ཞིག་གཏོད་པ་བཅས་བྱས་པས། ཏང་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་གཏོང་བཅས་ཀྱི་ལམ་ལུགས་ཚད་ལྡན་མ་ལག་ཆ་ཚང་ཞིག་ཆགས་པ་དང་། ཡུན་རིང་སྲིད་སྐྱོང་གི་ཆ་རྐྱེན་འོག་རང་ངོས་ཀྱི་གནད་དོན་ཐག་གཅོད་དང་ལོ་རྒྱུས་ཀྱི་དུས་འཁོར་ཚད་ལས་སྒྲོལ་བའི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་ཞིག་འཚོལ་ཞིབ་ཐུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡོད་པ་དེ། མི་དམངས་ལ་ལྟ་སྐུལ་དབང་ཆ་ཡོད་པ་དང་། དབང་ཆ་ཀུན་གསལ་སྤྱོད་ཐུབ་པ། དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་པ། མི་དམངས་ཀྱིས་དཀྲིས་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་རྒྱུར་སྤྱོད་པའི་འགན་ལེན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
   《རྣམ་བཤད་གནད་བསྡུས》དེ་ཆེད་དོན་ཁག་10ལ་དབྱེ་བ་དང་། ཁྱོན་རྣམ་བཤད་དུམ་བུ་371ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11ཚེས་15ནས་2021ལོའི་ཟླ་11ཚེས་11ཉིན་རིང་གི་སྙན་སྒྲོན་དང་། གསུང་བཤད། གསལ་བཤད། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་130ལྷག་ཙམ་ནས་བཏུས་པ་ཞིག་ཡིན་པ་དང་། དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་སུ་སྤེལ་ཐེངས་དང་པོ་རེད།

  
style="display:none;"